གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༦/༥/༢༠༡༣   འབྲེལ་ཡོད་དབང་འཛིན་གྱིས་ ངོས་ལེན་ཡི་གུ་ཚུ་ལུ་ ནན་ཞིབ་ཚུལ་ལྡན་ མ་འབད་བའི་སྐྱོན་ཨིནམ།
༉ སྤྱི་ཟླ་༥ པའི་ཚེས་༡༤ རེས་གཟའ་ལྷག་པ་ལུ་ཐོན་མི་ ཀུན་གསལ་གྱི་ རྩོམ་སྒྲིག་པའི་ སྣང་འཆར་ནང་ འཛོལ་བ་ག་ལུ་ཡོདཔ་ཨིན་ན་དང་ གདོང་ཤོག་གི་ གནས་ཚུལ་ནང་ ཞི་གཡོག་ལས་ ནམ་དགོངས་ཞུ་འབད་དགོཔ་ཨིན་ན? དེ་ལུ་ ག་གིས་ ཞིབ་དཔྱད་རྐྱབ་ཨིན་ན་ཟེར་ དྲི་བཀོད་འབད་ཡོད་མིའི་སྐོར་ལས་ བསམ་འཆར་དུམ་གྲ་ཅིག་ ཞུ་ནི་ཨིན།


ད་རེས་ནངས་པ་ གནས་ཚུལ་དང་ ལོ་རྒྱུས་ཚུ་ལུ་ ཉན་ལྟཝ་ད་ ད་རེས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་རེ་གཉིས་ལུ་ འདེམས་ངོ་ཚངམ་མེདཔ་ལས་ རྒེད་འོག་དང་ འདེམས་ཁོངས་ལ་ལུ་ཅིག་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་སར་ སྲིད་དོན་༢ ཀྱི་ འདེམས་ངོ་ཚུ་མ་གཏོགས་ སྲིད་ཚོགས་གཞན་གཉིས་ཀྱི་ འདེམས་ངོ་ཚུ་ འོང་ནི་མིན་འདུག་ཟེར་ཨིན་མས།
མ་གཞི་ བཙག་འཐུའི་བཅའ་ཁྲིམས་དང་ བཅའ་ཡིག་ཚུ་དང་འཁྲིལ་བ་ཅིན་ འགོ་ཐོག་བཙག་འཐུའི་དོན་ལུ་ འདེམས་ངོ་༤༧ གྱི་ འདེམས་ངོ་གཏན་འཁེལ་གྱི་ མིང་ཐོ་མེད་རུང་ བཏུབ་དོ་བཟུམ་ཅིག་ཨིན་མས། འདི་འབདཝ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༥ པའི་ཚེས་༦ ལུ་ དོ་འགྲན་ཡི་གུ་ནན་ཞིབ་འབད་བའི་སྐབས་ བྷུ་ཏཱན་ཀུན་མཉམ་པར་ཊི་ལུ་ མགར་ས་རྫོང་ཁག་གི་ འདེམས་ཁོངས་༢ ལས་ འདེམས་ངོ་མ་ཚང་མི་ལུ་བརྟེན་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་ལས་ ཆ་མེད་བཏང་ནུག་ཟེར་ཞུ་ནི།
བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་དེ་ལུ་ ངོས་ལེན་དམ་དམ་འབད་མི་དེ་ ཚུལ་ལྡན་དང་ རྣམ་དག་ དྲང་བདེན་མ་འགྱོཝ་བཟུམ་མའི་ མཐོང་སྣང་བྱུང་མི་དེ་ཡང་ འགོ་ཐོག་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མི་ སྲིད་ཚོགས་གཉིས་ལུ་ ད་ལྟོ་ བསྐུལ་བསྒྲགས་ཤུགས་ལང་པའི་ ནམ་དུས་ནང་ འདེམས་ངོ་གཏན་འཁེལ་མེད་པའི་ཁར་ སློབ་གྲྭའི་སློབ་དཔོན་༢ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབདཝ་ལས་ར་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་སྒྲིག་གཞི་ དེ་ལས་ རྩ་ཁྲིམས་ཆེན་མོའི་ནང་ ཞི་གཡོགཔ་ཚུ་ སྲིད་དོན་འབྲེལ་མེད་ཐོག་ གནས་དགོ་པའི་ དགོངས་དོན་ལས་ འགལ་ཡོདཔ་བཟུམ་མའི་ མཐོང་སྣང་བྱུང་མི་ལུ་བརྟེན་ཨིན་ཟེར་ཞུ་ནི།
སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐབས་བྱུས་ག་ཅི་བཟུམ་ར་ བཏོན་སྲིད་ནི་ཨིནམ་ལས་ ཁོང་ལུ་ ཁ་ཉེས་བཀལ་དགོཔ་ཅིག་མེད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་ཚུ་གི་ ངོས་ལེན་ཡི་གུ་དང་ འདེམས་ངོ་ཚུ་ ཞི་གཡོགཔ་ཨིན་མིན་དང་ ཨིན་པ་ཅིན་ འབྲེལ་ཡོད་ལས་སྡེ་ལས་ དགོངས་ཞུ་འབད་མ་འབད་བར་ སྲིད་དོན་ནང་ དབྱེ་དཔྱད་མ་འབད་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ འཛོལ་བ་བཟོ་ཡོདཔ་བཟུམ་སྦེ་ མཐོངམ་མས་ཟེར་ཞུ་ནི།
ཕྱོགས་གཅིག་ལས་ ལྟ་བ་ཅིན་ སྲིད་ཚོགས་ལ་ལུ་གིས་ བཙག་འཐུ་ལྷན་ཚོགས་ལུ་ མགུ་སྐོར་རྐྱབ་དོ་བཟུམ་ཅིག་དང་ ཞི་གཡོགཔ་ཚུ་གི་ ཁ་ཐུག་ལས་འབད་རུང་ སྲིད་དོན་ནང་ འཛུལ་ནི་གི་ སྤྲོ་བ་དང་ དང་འདོད་ཡོད་པ་ཅིན་ དགོངས་ཞུ་འབད་དགོཔ་ཨིན་རུང་ ན་འཐན་གདོང་ཁར་ འཐོན་རནམ་ད་ དགོངས་ཞུའི་ཡི་གུ་བཙུགས་མི་དེ་ ཀུན་སྤྱོད་རྣམ་གཞག་ལས་ འགལ་ཡོདཔ་མེན་ན་ཟེར་ཞུ་ནི།
ད་ལྟོ་ཡོད་མི་ ཞི་གཡོག་དང་ བཙག་འཐུའི་བཅའ་ཁྲིམས་ཚུ་དང་འཁྲིལཝ་ད་ གལ་སྲིད་ ཞི་གཡོགཔ་གང་རུང་ཅིག་ སྲིད་དོན་ནང་ འབྲེལ་གཏོགས་འབད་དེ་ གཞུང་གཡོག་ནང་ལས་ བཏོན་གཏང་པ་ཅིན་ མ་འོངས་པ་ལུ་ སྲིད་དོན་ནང་ འཛུལ་མ་ཆོག་པའི་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཅིག་ སྲིད་ཚོགས་ནང་ འཛུལ་བའི་མཐའ་མར་ བཙག་འཐུ་འགྲུབ་མ་ཚུགས་པ་ཅིན་ ལོ་ངོ་༣ ཚུན་ ཞི་གཡོག་ནང་ འཛུལ་མ་ཆོགཔ་སྦེ་ ཡོད་མི་དེ་ཡང་ སེམས་ཁར་བཞག་དགོ་ཟེར་ཞུ་ནི།
དེ་འབདཝ་ལས་ ད་རེས་ནངས་པ་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་སར་ སྲིད་ཚོགས་ལ་ལུ་ཅིག་གི་ འདེམས་ངོ་མཐོང་གསལ་མ་བྱུང་མི་དེ་ འབྲེལ་ཡོད་དབང་འཛིན་གྱིས་ ཡིག་ཆ་ཚུ་ ཚུལ་ལྡན་སྦེ་ ནན་ཞིབ་མ་འབད་བའི་ སྐྱོན་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།
 
བསྟན་འཛིན་རྡོ་རྗེ། ཐིམ་ཁྲོམ།

No comments:

Post a Comment