གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་ཤུགས་ལག་ལེན་འཐབ་ཐོག་གི་ མེ་སྲེག་འཕྲུལ་ཁང་ འགོ་འབྱེད་འབད་ཡོདཔ།

༧/༥/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་རྫོང་གི་ཉེ་འདབས་ལུ་ཡོད་མི་ དུར་ཁྲོད་ནང་སྦེ་ བདག་འཛིན་འབད་མི་མེད་པའི་ ཕུངམ་གཅིག་ གློག་ཤུགས་ལག་ལེན་འཐབ་ཐོག་ལས་ མེ་སྦྱང་འབད་དེ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ ད་ལས་ཕར་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
སྔར་སྲོལ་ལམ་ལུགས་དང་འཁྲིལ་ མེ་སྲེག་འཕྲུལ་ཁང་ལག་ལེན་ཐོག་ མེ་སྦྱང་འབད་བའི་བསྒང་།


དེ་ཡང་ ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཟད་འགྲོ་དངུལ་ཀྲམ་༣༠,༠༠༠ བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ མེ་སྲེག་འཕྲུལ་ཁང་དེ་ནང་ ད་ལས་ཕར་ཕུངམ་ཚུ་ གློག་ཤུགས་ལག་ལེན་འཐབ་སྟེ་ མེ་སྦྱང་འབད་ནི་ཨིནམ་བཞིན་དུ་ དུས་ཡུན་ཆུ་ཚོད་༢ དང་༣ གྱི་ནང་འཁོད་ལུ་ ཕུངམ་དེ་ མེ་གིས་འཚིགས་ཚུགས་ཟེར་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སྤྱི་ལོ་༢༠༠༢ ནང་ བཟོ་སྐྲུན་འབད་མི་མེ་སྲེག་འཕྲུལ་ཁང་དེ་ མར་ཁུ་ལག་ལེན་འཐབ་ཐོག་ལས་ འབད་དགོཔ་ཨིན་རུང་ གངམ་ལག་ལེན་འཐབ་མ་ཚུགསཔ་ལས་ འཕྲུལ་ཁང་དེ་ མེདཔ་ཐལ་སོ་ནུག་ཟེར་ཨིན་པས།
དེ་སང་གི་ གནས་སྟངས་དང་འཁྲིལ་ བཟོ་སྐྲུན་འབད་མི་འཕྲུལ་ཁང་དེ་ མི་སེར་ཚུ་གིས་ ལག་ལེན་འཐབ་པ་ཅིན་ ཟད་འགྲོ་མར་ཕབ་འབད་ཚུགས་པའི་ཁར་ ཐབ་ཤིང་ལག་ལེན་འཐབ་མ་དགོ་པའི་ཁེ་ཕན་ཡོདཔ་ལས་ རང་བཞིན་གནས་སྟངས་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ དུ་པ་མར་ཕབ་འབད་ནི་ དེ་ལས་ ཕུངམ་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ མེ་སྦྱང་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
ཕུངམ་དེ་ མེ་སྲེག་འཕྲུལ་ཁང་གུ་ལུ་བཀལཝ་ཅིག་ དེ་འཕྲོ་ལས་ སྒོ་བསྡམ་སྟེ་ མེར་སྲེག་འབད་ནི་མིན་པར་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ གསུང་ཆོག་གནང་ནི་ ཕུངམ་གུ་ལུ་ རྫས་སྦྱོར་བླུགས་ནི་ ཤིང་དུམ་ཚུ་བཙུགས་ཏེ་ མེ་གཏང་ཐངས་ དེ་ལས་ མེ་བཏང་པའི་ཤུལ་ལས་ གསུང་ཆོག་དང་འཁྲིལ་བའི་ བར་ནང་ལས་ ཟས་སྨན་བླུགས་ནི་ཚུ་ཡང་ དབྱེ་བ་མེད་པར་གཏང་ཚུགས་ཟེར་ ཁྲོམ་དཔོན་གྱིས་ སླབ་ཨིན་པས།
ཕུངམ་མེ་སྦྱང་འབད་བའི་སྐབས་ལུ་ གསུང་ཆོག་དང་འཁྲིལ་ གློག་མེའི་ནུས་ཤུགས་༡༠༠ ལས་༥༠༠ སེན་ཊི་གྲེཌི་གི་ཚ་དྲོད་ཚུན་བཏང་ཐོག་ལས་ འབད་ནི་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ ལམ་ལུགས་གཅིག་མཚུངས་ཨིནམ་ ཧ་གོ་ཞིནམ་ལས་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གྲྭ་པའི་སློབ་དཔོན་ རྡོ་རྗེ་རིན་ཆེན་གྱིས་ གསུངས་མི་དང་འཁྲིལཝ་ད་ མི་ཚུ་གིས་ དོགས་པ་ག་ནི་ཡང་ བསགས་མ་དགོ་པར་ ཕུངམ་ཚུ་ མེ་སྲེག་འཕྲུལ་ཁང་ནང་བཙུགས་ཏེ་ མེ་སྦྱང་འབད་དགོ་པའི་གནད་དོན་དེ་ཡང་ གསུང་ཆོག་གི་གོ་རིམ་དང་འཁྲིལ་རྫས་སྨན་ རིགས་རྣམ་ཚུ་ག་ར་ ཕྱི་ཁར་ དུར་ཁྲོད་ཀྱི་ཕུངམ་བཟུམ་སྦེ་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ བླུགས་ཚུགསཔ་ལས་ བསམ་པ་རྫོགས་ཚུགས་ཟེར་ཨིན་པས།
མི་ཚུ་གི་ བསམ་འཆར་ལས་འབད་བ་ཅིན་ ཕུངམ་ཚུ་ མེ་སྲེག་འཕྲུལ་ཁང་ཐོག་ལུ་ མེ་སྦྱང་འབད་བ་ཅིན་ དང་པ་ ལས་མི་འཚོལ་མ་དགོ་པའི་ཁར་ ཟད་འགྲོ་སྦོམ་བཏང་སྟེ་ ཤིང་ཉོ་སྒྲུབ་འབད་མ་དགོ་པའི་ ཁེ་ཕན་འོང་ནི་མས་ཟེར་སླབ་ཨིན་པས།
ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ དེ་སང་གི་ལམ་ལུགས་ལུ་གནས་ཏེ་ ཕུངམ་མེ་སྦྱང་འབད་བ་ཅིན་ སྔར་སྲོལ་བཟང་པོའི་ལམ་ལུགས་ལུ་ ཐོ་ཕོགཔ་མ་ཚད་ མེ་སྦྱང་འབད་བའི་སྐབས་ ཕུངམ་མཐོང་ནི་མེདཔ་ལས་ སེམས་དང་མི་ལྡན་པས་ཟེར་ཨིན་པས།
ཐའི་ལེན་ལས་སྡེ་ཅིག་ལས་འོང་མི་ བཟོ་སྐྲུན་པ་གིས་འབད་བ་ཅིན་ མི་ཚུ་གིས་ འཕྲུལ་ཁང་ལེགས་ཤོམ་སྦེ་ ལག་ལེན་འཐབ་བཏུབ་པ་ཅིན་ རྫོང་ཁག་༢༠ འི་ནང་ བཟོ་སྐྲུན་འབད་ནིའི་འཆར་གཞི་ཡོདཔ་མ་ཚད་ ཟད་འགྲོ་ཚུ་ཡང་ ཁོང་ར་གིས་ བཏང་ཐོག་ལས་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནི་ཟེར་ཨིན་པས།
ད་ལྟོའི་ ལས་འགུལ་ལུ་ མི་ཚུ་གིས་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ ངོས་ལེན་འབད་བ་ཅིན་ དུར་ཁྲོད་དེ་ནང་ མང་སུ་སྦེ་ གཞི་བཙུགས་འབད་ནི་ཨིན་ཟེར་ ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པས།
རྫོང་ཁག་སོ་སོའི་མི་སེར་ རྒྱལ་ས་ལྟེ་བ་ལུ་སྦེ་ ཤི་རྐྱེན་བྱུང་མི་ ཉམ་ཆུང་དང་ ཕུངམ་བདག་འཛིན་འབད་མི་མེད་པ་ཅིན་ ཐིམ་ཕུ་ཁྲོམ་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་བཟུམ་སྦེ་ མེ་སྦྱང་འབད་ནི་ཨིན་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རང་བཞིན་གནས་སྟངས་བདག་འཛིན་འཐབ་ནི་དང་ མི་སེར་གྱི་ཞབས་ཏོག་ ཤིང་དུམ་ལག་ལེན་འཐབ་མི་ མར་ཕབ་རྐྱབ་ནི་ དེ་ལས་ ཟད་འགྲོ་མར་ཕབ་གཏང་ནིའི་དོན་ལུ་ སྤྱི་ལོ་༢༠༠༠ ལུ་ ནང་སྲིད་ལྷན་ཁག་གིས་ འཕྲུལ་ཁང་༤ བཟོ་སྐྲུན་འབད་དེ་ ཐིམ་ཕུ་ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་རུང་ འཕྲུལ་ཁང་ལག་ལེན་འཐབ་ཤེས་མི་མེདཔ་ལས་ སྤྱི་ལོ་༢༠༠༢ ཚུན་ ལག་ལེན་འཐབ་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
ཨིན་རུང་ ལོག་ལེགས་བཅོས་འབད་ཞིནམ་ལས་ སྤྱི་ལོ་༢༠༠༢ ཟླ་༥ པའི་ནང་ རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་ འཇིགས་མེད་ཆོས་གྲགས་མཆོག་གིས་ རབ་གནས་མཛད་དེ་ ལག་ལེན་འཐབ་བཏུབ་ བཟོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment