གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ གློག་མེ་རྒྱུན་བརྟན་མེད་པར་ བཙག་འཐུ་དང་འབྲེལ་བའི་ ལཱ་ཚུ་ལུ་བར་ཆད།

༨/༥/༢༠༡༣   ༉ ད་རེས་ནངས་པ་ བཙག་འཐུའི་དུས་ཚོད་ འགོ་བཙུགས་ཏེ་ འུར་བྱེལ་ལང་པའི་ དུས་ཚོད་ནང་ར་ བུམ་ཐང་ལུ་ གློག་མེ་འཕྲལ་འཕྲལ་ར་ ཤི་དོ་ཡོདཔ་མ་ཚད་ སྤྱི་ཟླ་༥ པའི་ཚེས་༥ དང་༦ ལུ་ གློག་མེ་བཀྲམ་སྤེལ་མེདཔ་ལས་ བཙག་འཐུ་ཡིག་ཚང་གི་ ལཱ་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ཨིན་པས།


ཁ་ཙ་ཡང་ གློག་མེ་དེ འཕྲལ་འཕྲལ་ར་ ཤི་ནི་དེ་གིས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོ་ལས་བསྐྱལ་མི་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་མང་རབས་ཅིག་ བརྡ་དོན་ཡོངས་འབྲེལ་ནང་ལས་ ཕབ་ལེན་འབད་མ་ཚུགས་པས།
དེ་བཟུམ་མའི་ དཀའ་ངལ་ཚུ་ འཕྲོ་མཐུད་དེ་ར་ བྱུང་པ་ཅིན་ གློག་འགྲེམ་ཐོག་བསྐྱལ་མི་ ཞུ་ཡིག་ཚུ་ ང་བཅས་ཀྱིས་ དུས་ཚོད་ཁར་ ཕྱིར་སེལ་རྐྱབ་མི་ཚུགས་ནི་ཨིནམ་ལས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྐྱལ་ནི་ལུ་ ཕྱིས་ནི་བཟུམ་འདུག་ཟེར་ བུམ་ཐང་གི་ ངོས་ལེན་འགོ་དཔོན་ ག་ནེཤ་བླ་མ་གིས་ བཤད་པའི་ཁར་ འབྲུག་གློག་མེ་ལས་འཛིན་གྱིས་ བཙག་འཐུ་ཡིག་ཚང་དེ་ལུ་ གློག་ཐག་སོ་སོ་ལས་ གློག་མེ་བྱིན་ནི་གི་ ལཱ་འབད་དོ་ཡོདཔ་ཨིན་རུང་ དེ་ཡང་ ག་དེ་སྦེ་ བཀྲམ་སྤེལ་འབད་ཚུགས་འོང་ག་ དོགས་པ་འདུག་ཟེར་ སླབ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ཡང་ མཉམ་འབྲེལ་ཞལ་འཛོམས་ཀྱི་དོན་ལུ་ གསལ་བཤད་འབད་ནི་དང་ སྲིད་དོན་ཚོགས་པ་ཚུ་དང་ ཁོང་གི་སྤྱིར་བཏང་གྲོས་འཛོམས་ཚུ་གི་དོན་ལུ་ ལས་རིམ་དང་ ཡི་གུའི་རིགས་ ག་ཅི་ཡང་ གྲ་སྒྲིག་འབད་མ་ཚུགས་པར་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ མ་ནི་ག་ལེ་གིས་ སླབ་མིའི་ནང་ ཁོང་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཉིན་བསྟར་བཞིན་དུ་ སྙན་ཞུ་ཕུལ་དགོཔ་ཨིན་རུང་ གློག་མེ་མེད་མི་ལུ་བརྟེན་ ཕུལ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ ང་བཅས་ལུ་ ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ཚུ་ པར་སྐྲུན་འབད་ནི་དང་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ ལཱ་གི་འཆར་གཞི་ཚུ་ བརྩམ་ནི་ལ་སོགས་པའི་ ལཱ་འབད་དགོཔ་ ལེ་ཤ་ཡོད་རུང་ གློག་མེ་ལྷོདཔ་ད་ དུས་ཐེབས་ལཱ་འབད་མ་འབད་ཅིན་ དུས་ཚོད་ནང་ མཇུག་བསྡུ་མི་ཚུགས་ནི་མས་ཟེར་ སླབ་ཨིན་པས།
གློག་མེ་བཀྲམ་སྤེལ་ལུ་ བར་ཆད་རྐྱབ་མི་དེ་གིས་ བུམ་ཐང་ལུ་ཡོད་མི་ དངུལ་ཁང་དང་ བཟའ་ཁང་ ཤིང་དྲ་ཁང་ ཚོང་ཁང་ལ་སོགས་པའི་ ཚོང་འབྲེལ་ཚུ་ལུ་ཡང་ ཐོ་ཕོག་ཡོདཔ་ཨིན་པས།
ད་རིས་ ལྟ་བཤལ་པའི་དུས་ཚོད་ཨིནམ་ལས་ བཟའ་ཁང་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་དང་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ མཁོ་སྤྲོད་འབད་དེ་ མ་འོངས་པའི་ ལྟ་བཤལཔ་ཚུ་གི་དོན་ལུ་ མིང་གཏམ་ལེགས་ཤོམ་བཟོ་ནི་དེ་ གལ་ཆེ་ནི་ཨིན་རུང་ གློག་མེ་མེད་པའི་བསྒང་ལས་ བརྡ་དོན་ཡོངས་འབྲེལ་ཚུ་ ལག་ལེན་འཐབ་མི་ཚུགས་པའི་ཁར་ དངུལ་བཏོན་འཕྲུལ་ཆས་ནང་ལས་ ཏི་རུ་བཏོན་མ་ཚུགས་མི་ལུ་བརྟེན་ ལྟ་བཤལཔ་ལེ་ཤ་ཅིག་ལུ་ དབུགས་འགམ་བྱུང་ཡོད་ཟེར་ བཟའ་ཁང་གི་ ཇོ་བདག་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment