གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་མི་མེད་པའི་ཕུངམ་ཅིག་ ཁས་བླངས་པ་ཚུ་གིས་ མེ་སྦྱང་འབད་ཡོདཔ།

༡༠/༥/༢༠༡༣   ༉ ཕུན་ཚོགས་གླིང་སྨན་ཁང་ནང་ བདུན་ཕྲག་ལྷགཔ་ཅིག་བཞག་མི་ སྐྱེས་ལོ་༦༧ ལང་མི་ ཕོ་སྐྱེས་ཅིག་གི་ཕུངམ་དེ་ ལྟ་མི་ག་ཡང་ མ་ཐོནམ་ལས་བརྟེན་ ཁ་ཙ་ ཁས་བླངས་པ་སྡེ་ཚན་ཅིག་གིས་ མེ་སྦྱང་འབད་ཡོདཔ་ཨིན་པས།


དེ་ཡང་ ཕུན་ཚོགས་གླིང་ལུ་སྡོད་མི་ པདྨ་དགའ་ཚལ་རྫོང་ཁག་གི་ས་གནས་ གཡུ་རུང་དང་ ཕྱི་མོང་རྒེད་འོག་ལས་ ཁས་བླངས་པ་སྡེ་ཚན་ཅིག་གིས་ ཚེ་འདས་པདྨ་རྡོ་རྗེ་གི་ཕུངམ་དེ་ ཁོ་རའི་ ནང་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་ཡོད་རུང་ འབྲེལ་བ་འཐབ་མ་ཚུགསཔ་ལས་ མེ་སྦྱང་འབད་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ མེ་སྦྱང་སྐབས་ ཆོ་ག་ཚུ་ཡང་ ཕུན་ཚོགས་གླིང་དྲུང་ཁག་གི་ བླམ་དང་ དགེ་སློང་ཚུ་གིས་གནང་ཡོདཔ་ད་ ཁས་བླངས་པ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༢ ལུ་ ངོ་མ་ཤེས་མི་ གླ་འཁོར་དེད་གཡོགཔ་ཅིག་གིས་ དྲན་མེད་ཐལ་མི་ ཚེ་འདས་ཕོ་སྐྱེས་དེ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཤི་སོ་ནུག་ཟེར་ཨིན་པས།
ཕྱི་མོང་རྒེད་འོག་ལས་ཨིན་མི་ ཁས་བླངས་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ དེ་ཚེ་ཕྱི་རུ་ར་ གྱོངས་སོ་ཡི་ཟེར་ཨིནམ་ད་ གླ་འཁོར་དེད་གཡོགཔ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ འབྲེལ་བ་འཐབ་མ་ཚུགས་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་གིས་ ཁོ་རའི་ བཟའ་ཚང་ནང་མི་ཚུ་གི་སྐོར་ལས་ ཁ་གསལ་སླབ་མ་ཚུགས་རུང་ ཁོ་རའི་གཟུགས་ཁར་ རྨ་སྐྱོན་ག་ནི་ཡང་མེདཔ་ལས་ བྱ་ངན་འབད་བའི་ དོགས་པ་མེད་ཟེར་ཨིན་པས།
ཁས་བླངས་པ་ཚུ་གིས་ ཕྱི་མོང་ལས་ཨིན་མི་ ཚེ་འདས་ཀྱི་ སྤུན་ཆ་ཚུ་ཡོད་མེད་བལྟ་རུང་ ག་གིས་ཡང་ ངོ་མི་ཤེས་པས་ཟེར་ཨིནམ་ད་ ཚེ་འདས་ཀྱི་མིང་དང་ ཅོག་འཐདཔ་སྦེ་ཡོད་མི་ཚུ་ གཡུས་ཁར་འདུག་ཟེར་ཨིན་པས།
ཁས་བླངས་པ་ཚུ་གིས་འབད་བ་ཅིན་ ལྟ་མི་ག་ཡང་མེད་པའི་ཕུངམ་ཚུ་ སྨན་ཁང་གིས་ འགོ་འདྲེན་འཐབ་སྟེ་ ས་དོང་ནང་ བཙུགས་བཞག་དོ་ཡོདཔ་ཨིན་རུང་ རང་ལུགས་ཀྱི་ ལམ་སྲོལ་དང་མ་འཁྲིལ་མི་ལུ་བརྟེན་ ཁོང་གིས་ མེ་སྦྱང་འབད་ཡི་ཟེར་ བཤད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment