གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སུ་ཡིཌ་ཛར་ལེནཌ་གིས་ རྒྱབ་སྐྱོར་དང་ མཉམ་འབྲེལ་འཕྲོ་མཐུད་འབད་ནི།

སུ་ཡིསི་གི་ ཕྱི་འབྲེལ་དྲུང་ཆེན་ལས་རོགས་ གཞུང་ཚབ་བིཊ་ ནོབསི་དང་ 
གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས།
༉ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ བློན་པོ་བསོད་ནམས་སྟོབས་རྒྱས་དང་ མཇལ་ཕྲད་འབད་བའི་སྐབས་ སུ་ཡིསི་གི་ ཕྱི་འབྲེལ་དྲུང་ཆེན་ལས་རོགས་ གཞུང་ཚབ་བིཊ་ ནོབསི་གིས་ སུ་ཡིཌ་ཛར་ལེནཌ་གིས་ འབྲུག་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་ མཐུན་ལམ་ཚུ་ འཕྲོ་མཐུད་དེ་ར་ རྒྱུན་འཛིན་འབད་ནི་གི་ ཁས་ལེན་འབད་ནུག།


དེ་མ་ཚད་ གཞུང་ཚབ་བིཊ་ནོབསི་གིས་ སུ་ཡིཌ་ཛར་ལེནཌ་གཞུང་གི་ ལེགས་སྨོན་ཚུ་ གྲོས་དཔོན་སྤྱི་ཁྱབ་ལུ་ ཞུཝ་དང་འབྲེལ་ ཧི་མ་ལ་ཡའི་ ལུང་ཕྱོགས་ནང་ སུ་ཡིཌ་ཛར་ལེནཌ་ལུ་ འབྲུག་བཟུམ་མའི་ རྒྱལ་ཁབ་མཐུན་ཤེས་ཅིག་ཡོད་མི་ལུ་ལྟ་སྟེ་ ཡིད་ཆེས་ངལ་རངས་སྦོམ་བྱུང་ཡི་ཟེར་ སླབ་ཨིན་པས།
གྲོས་དཔོན་སྤྱི་ཁྱབ་ཀྱིས་འབད་བ་ཅིན་ འབྲུག་འདི་ སུ་ཡིཌ་ཛར་ལེནཌ་གི་ གྲོགས་རམ་དང་ མཉམ་འབྲེལ་ལུ་བརྟེན་ སོ་ནམ་ལ་སོགས་པའི་ ལས་དོན་ཚུ་ནང་ ཕན་ཐོགས་སྦོམ་བྱུང་སྟེ་ཡོདཔ་ལས་ སུ་ཡིསི་གཞུང་དང་ གཞུང་མིན་ལས་ཚོགས་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་གསུངས་ནུག།
སུ་ཡིཌ་ཛར་ལེནཌ་དེ་ འབྲུག་གི་གོང་འཕེལ་མཉམ་རོགས་རྙིང་ཤོས་ཅིག་ཨིནམ་བཞིན་དུ་ ལོ་ལྔའི་འཆར་གཞི་༡༠ པའི་ནང་ མ་དངུལ་ སུ་ཡིསི་ཕེ་རེངཀ་ས་ཡ་༢༦ ལྷན་ཐབས་འབད་ཡོདཔ་ཨིན་པས།
གཞུང་ཚབ་བིཊ་ ནོབསི་གིས་ འཐུས་མི་གསུམ་འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་འབད་དེ་ རྒྱལ་ཁབ་ནང་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ ལྷོད་ཡོད་པའི་གནས་ཚུལ།

No comments:

Post a Comment