གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་མང་ཤོས་ཅིག་ནང་ ནད་འབུབ་ཚུ་གིས་ འབྱ་གི་ལྕངམ་མེད་བཏང་དོ་ཡོདཔ།

འབྱ་ཞིང་ཚུ་ནང་ ཁྱབ་སྤེལ་སོང་མི་ ནད་འབུབ་ཚུ།
༉ ད་རེས་ནངས་པ་ སྤུ་ན་ཁ་དང་ དབང་འདུས་ཀྱི་ འབྱ་ཞིང་ཚུ་ནང་ ནད་འབུབ་གསརཔ་ཅིག་ ཁྱབ་སྤེལ་སོང་སྟེ་ འབྱ་གི་ལྕངམ་ཚུ་ མེདཔ་བཏང་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་མི་དེ་ཡང་ རྫོང་ཁག་དེ་ནང་ ལྕང་ལཱ་འགོ་བཙུགས་ནིའི་དུས་ཚོད་དེ་ ཉིནམ་༡༠ དང་༡༥ དེ་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་པས།
ནད་འབུབ་དེ་གིས་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༡༡ ཆ་མཉམ་ནང་ དར་ཁྱབ་སོང་སྟེ་ ལྕངམ་ཚུ་མེདཔ་བཏང་དོ་ཡོདཔ་ཨིན་པས།



ནད་འབུབ་ཚུ་ སྤྱི་ཟླ་༥ པའི་ བདུན་ཕྲག་དང་པའི་ནང་ ཤེལ་རྔ་ནང་རྒེད་འོག་ལས་ འཐོན་ནི་འགོ་བཙུགས་ནུག་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དེ་གི་ཤུལ་ལས་ར་ བཟོ་མེད་རྒེད་འོག་ནང་ ཐོན་ཡོདཔ་ད་ ད་རེས་ རྒེད་འོག་དེ་གི་ ལུང་ཁ་གཡུས་ཚན་གྱི་ ཁྱིམ་གུང་པ་༤༦ དེ་ཅིག་ ག་རའི་ནང་ ནད་འབུབ་དེ་ ཁྱབ་སྤེལ་སོང་ཡོདཔ་ད་ གཡུས་ཚན་གྱི་སོ་ནམ་པ་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ ནད་འབུབ་ཚུ་གིས་ ལྕངམ་བཟའ་བའི་ཤུལ་ལས་ བཀྱག་སེརཔོ་ཐལ་ཏེ་ སྐམ་འགྱོཝ་མས་ཟེར་ཨིན་པས།
རྣམ་རྒྱལ་གྱིས་ སླབ་མའི་ནང་ ལྕང་ལཱ་འགོ་བཙུགས་ནིའི་དོན་ལུ་ ཉིནམ་༡༠ དེ་ཅིག་ལས་བརྒལ་མེད་ནི་དེ་གིས་ གལ་སྲིད་ལྕངམ་ག་ར་ སྐམ་སོ་པ་ཅིན་ ཁྱིམ་ཚང་ལས་ལེན་ཏེ་ ལྕང་ལཱ་རྐྱབ་དགོ་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ རྐྱེན་ངན་དེའི་སྐོར་ལས་ འཕྲལ་མགྱོགས་ར་ རྒེད་འོག་ལྟེ་བ་ནང་ སྙན་ཞུ་འབད་ནི་ཟེར་ཨིན་པས།
ལྕངམ་ཚུ་ འབུབ་གིས་བཟའ་བའི་སྐབས་ ཁ་མདོག་ཧོནམོ་ལས་ སེརཔོ་ལུ་གྱུར་དོ་ཡོདཔ་ད དེ་བཟུམ་གྱི་དཀའ་ངལ་དེ་ རྫོང་ཁག་གི་རྒེད་འོག་༡༡ ག་རའི་ནང་ཐོན་ཡི་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ རྟ་མགྲིན་ཚེ་དབང་གིས་ སླབ་ཡོདཔ་ད་ ད་ལྟོ་ རྐྱེན་ངན་བཀག་ཐབས་འབད་ནིའི་དོན་ལུ་ སྨན་རྫས་ཚུ་ གཏོར་བཅུག་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནད་འབུབ་དེ་ཐོནམ་ཅིག་ར་ གཞུང་གིས་ཧོངས་ལས་ སྨན་རྫས་ཚུ་ བཀྲམ་སྤེལ་འབད་ནི་འགོ་བཙུགས་ནི་དེ་གིས་ ལྕངམ་ལུ་གནོད་སྐྱོན་བྱུང་མི་ ཧ་ལམ་ བཀག་ཐབས་འབད་ཚུགས་ནི་དེ་གིས་ ལྕང་ལཱ་རྐྱབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ཡང་ རྒེད་འོག་༩ ནང་ ལྕངམ་ཨེ་ཀར་༡༠ དེ་ཅིག་ ནད་འབུབ་ཟུན་ཡོདཔ་ལས་ དེ་ཚུ་ཡང་ ད་ལྟོ་ སྨན་རྫས་ཚུ་ གཏོར་བའི་བསྒང་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགསཔ་ ཆོས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ གནོད་སྐྱོན་ཤུགས་སྦེ་བྱུང་མི་ ལྕངམ་༡ ལུ་ར་ འབུབ་༣ དང་༤ དེ་ཅིག་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནད་འབུབ་ཁྱབ་སྤེལ་འགྱོ་དེ་ བདུན་ཕྲག་༡ དེ་ཅིག་ལས་བརྒལ་ མ་ལང་ནི་དེ་གིས་ ད་ལྟོ་ གདོང་ལེན་འབད་ཚུགས་དོ་ཟེར་ཨིནམ་ད་ ནད་འབུབ་དེ་ འགོ་ཐོག་ར་ དྭངས་ཆུ་རྒེད་འོག་ནང་ལས་ ཁྱབ་སྤེལ་སོང་བའི་སྐབས་ ཁྱིམ་གུང་པ་༣༢ ཀྱི་ ལྕངམ་ཚུ་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
སོ་ནམ་པ་ རིན་ཆེན་རྣམ་རྒྱལ་གྱིས་འབད་བ་ཅིན་ ནད་འབུབ་དེ་ ནུབ་མོ་དང་ དྲོ་པའི་དུས་ཚོད་ལུ་ སྡེ་ཚན་སྦེ་འོངམ་ད་  ལྕངམ་རྒྱ་སྦོམ་སྦེ་ར་ མེདཔ་བཏངམ་མས་ཟེར་ཨིནམ་་ ནད་འབུབ་དེ་ སྡེ་ཚན་སྦེ་འོང་ནི་དེ་གིས་ ཨིང་སྐད་ལས་ ཨར་མི་ཝཱམ་ཟེར་ སླབ་དོ་ཡོདཔ་ད་ འབུབ་དེ་གིས་ ཧོནམོ་རིགས་ ག་ཅིག་མཐོང་མི་དེ་ བཟའ་དོ་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་ སྔོ་ཤིང་སྲུང་སྐྱོབ་མཁས་མཆོག་ ཌོག་ཊར་འཕྲིན་ལས་གྱིས་ སླབ་མིའི་ནང་ ནད་འབུཔ་དེ་ འཕྲལ་འཕྲལ་ར་ གནམ་གཤིས་གནས་སྟངས་ འགྱུར་འགྱོ་བའི་སྐབས་ལུ་ ཐོན་དོ་ཟེར་ཨིནམ་ད་ དེ་ཡང་ ཆརཔ་རྐྱབ་པའི་ཤུལ་ལས་ རློན་བཤེར་ཐལཝ་ད་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་དོ་ཡོདཔ་ལས་ དེ་བཟུམ་གྱི་ གནོད་སྐྱོན་དེ་ ལོ་༣ དང་༤ གི་བར་ན་ ཚར་རེ་ཐོནམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་འབུབ་གི་བྱུང་རྐྱེན་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ འཛམ་གླིང་ཚ་དྲོད་ཡར་འཕར་འགྱོ་མི་ལུ་བརྟེན་ འཕྲལ་འཕྲལ་ར་ གནམ་གཤིས་འགྱུར་འགྱོཝ་མས་ཟེར་ སླབ་ཨིན་པས།
དེ་བཟུམ་གྱི་ རྐྱེན་ངན་དེ་ ད་རེས་ནངས་པ་ རྫོང་ཁག་མང་ཤོས་ཅིག་ནང་ ཐོན་དོ་ཡོདཔ་ལས་ གཞུང་གིས་ སྨན་རྫས་དང་ མཁས་མཆོག་ཚུ་ རྫོང་ཁག་ནང་ བགོ་བཀྲམ་འབད་དེ་ གདོང་ལེན་འབད་བའི་བསྒང་ཡོད་ཟེར་ ཌོག་ཊར་འཕྲིན་ལས་གྱིས་ སླབ་ཨིན་པའི་གནས་ཚུལ།

                                                      དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment