གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྭངས་ཆུ་ལུ་ ཁྱིམ་ཐོག་ཚད་༢ འབད་ཅིག་ལུ་ མེ་རྐྱེན་ཤོར་ཡོདཔ།

༢༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ཉིན་མར་ དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་ ངང་གཡུས་ཚན་ནང་ རང་ལུགས་ཀྱི་ ཁྱིམ་ཐོག་༢ འབད་མི་ཅིག་གི་ ཁྱིམ་ཐོག་མེ་གིས་འཚིགས་རུང་ དུས་ཚོད་ཁར་ མེ་བསད་ཚུགས་ཡོདཔ་ལས་ ཤིང་ཆས་ཚུ་མ་གཏོགས་ ལྕགས་ཤོག་ཚུ་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ཨིན་པས།
མེ་རྐྱེན་བྱུངམ་ཅིག་ར་ ངང་གཡུས་ཚན་གྱི་ ལྷ་ཁང་ཉམས་གསོའི་ལཱ་འབད་མི་༦༠ དེ་ཅིག་གིས་ དེ་འཕྲོ་ལས་འོང་སྟེ་ མེ་བསད་ནི་ལུ་ ཆ་རོགས་འབད་མི་ལེ་བརྟེན་ ཁྱིམ་ནང་སྡོད་མི་༦ པོ་ཆ་ར་ ཕྱི་ཁར་བཏོན་ཚུགས་ཡོདཔ་ཨིན་པས།


མེ་རྐྱེན་ཤོར་མི་ཁྱིམ།

ཁོང་གི་གྲས་ལས་ སྐྱེས་ལོ་༨༠ ལྷགཔ་ཅིག་ལང་མི་ ཨང་རྒས་དེ་ སྒོ་སྒྲིག་ལས་བཏོན་ནི་གི་ དཔའ་བཅམ་རུང་ དེ་གི་ཧེ་མར་ མེ་བསད་ཚུགས་ནི་དེ་གིས་ སྒོ་ཁ་ལས་ར་ བཏོན་ཚུགས་ཅི་ཟེར་ ལྷ་ཁང་ཉམས་གསོའི་ལཱ་འབད་མི་ ཚེ་རིང་གིས་བཤད་པའི་ཁར་ ཁྱིམ་ནང་ལས་ དུ་པ་མ་འདྲཝ་ཅིག་ ཐོན་སར་མཐོང་སྟེ་ དེ་འཕྲོ་ལས་ ཆ་རོགས་ཚུ་ འབོ་ཡི་ཟེར་ སླབ་ཨིན་པས།
མེ་དེ་ བསད་ཚར་བའི་ཤུལ་ལས་ གནས་སྐབས་ཅིག་གི་དོན་ལུ་ ཤིང་ཆས་ཚུ་ གཞན་ཁ་ལས་འཚོལ་ཏེ་ ལྕགས་ཤོག་ཚུ་ལོག་བཀབ་ཡོད་རུང་ རྐྱེན་ངན་དེའི་སྐོར་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ བཟའ་ཚང་ཚུ་ ཁྱིམ་གྱི་འོག་ལུ་ གནས་སྐབས་ཀྱི་ ཁྱིམ་ཆུང་ཀུ་ཅིག་ བཟོ་སྟེ་སྡོད་ཡོདཔ་ཨིན་པས།
མ་གཞི་ མེ་རྐྱེན་ནང་ མི་ལུ་ རྐྱེན་ངན་ག་ནི་མ་བྱུང་རུང་ ཁྱིམ་ཐོག་ལུ་ཡོད་མི་ ལོ་ཅིག་ལང་ཚུགས་པའི་ རྒྱགས་སྐལ་ག་ར་འཚིགས་པའི་ཁར་ ཐབ་ཚང་གི་ ཅ་ཆས་དང་ གྱོན་ཆའི་རིགས་ དེ་ལས་ མཚོད་ཆས་ཀྱི་རིགས་ཚུ་ འཚིགས་སོཔ་ལས་  བཟའ་འཐུང་དང་ མལ་ཆའི་དཀའ་ངལ་ཐོན་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ གླེན་མགོ་གིས་ དུས་ཅིའི་ལོ་༡ ལང་ཚུགས་པའི་ རྒྱགས་སྐལ་ག་ར་ མེ་ནང་ཤོར་ནི་དེ་གིས་ ད་ལས་ཕར་ ག་ཅིག་ལུ་བརྟེན་ བཟའ་ནི་ཨིན་ན་ ཚ་གྱང་ལངམ་མས་ཟེར་ མིག་ཆུ་དང་བཅསཔ་སྦེ་ བཤད་པའི་ཁར་ ཁ་ཙ་ ཕྱི་རུ་ གཡུས་མི་ལ་ལུ་ཅིག་གིས་ ཆུངམ་དང་བཟའ་འཐུང་གི་རིགས་ དུམ་གྲ་རེ་འབག་སྟེ་ བྱིན་ཡོདཔ་ཨིན་པས།
ཁྱིམ་དེ་ གསརཔ་རྐྱབ་སྟེ་ ཟླཝ་༩ དེ་ཅིག་ སོང་ཡོདཔ་ད་ མེ་རྐྱེན་དེ་ ཁྱིམ་ཐོག་ཁར་བཅད་ཅིག་ ཐབ་ཚང་སྦེ་ ལག་ལེན་འཐབ་མིའི་ནང་ མེ་རླུང་གེསི་ལས་བརྟེན་ བྱུང་ཡོདཔ་ད་ དེ་བསྒང་ བཟའ་ཚང་གིས་ ཉིན་ལྟོ་འབད་ནི་སྦེ་ མེ་རླུང་གེསི་ལག་ལེན་འཐབ་པའི་སྐབས་ ཚར་ཅིག་ལུ་ མེ་ཤུགས་སྦེ་ འབར་ཡར་སོཔ་ཨིན་པས།
དེ་ལས་ མེ་དེ་ མལ་ཆ་ཅིག་ ལག་ལེན་འཐབ་སྟེ་ བསད་ནི་གི་ དཔའ་བཅམ་ད་ མལ་ཆ་ལས་སྦེ་ སྦ་གིས་བཟོ་བའི་གནམ་པང་ལུ་ཟུན་ཏེ་ ཁྱིམ་ཐོག་ཁར་ ཁྱབ་སྤེལ་ཡར་སོ་ཟེར་ གླེན་མགོ་གིས་ བཤདཔ་ཨིན་པས།
ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་གིས་ཡང་ མེ་རྐྱེན་དེ་ མེ་རླུང་གེསི་ལག་ལེན་འཐབ་མི་ལས་ བྱུང་ནུག་ཟེར་ཨིནམ་ད་ དྭངས་ཆུ་དེ་ བ་འཇོ་ཁྲོམ་ལས་ ཀི་ལོ་མི་ཊར་༦༠ དེ་ཅིག་གི་ ས་ཁར་ཨིནམ་ལས་ ས་གནས་དེ་ཁར་ལྷོདཔ་ད་ ཁྱིམ་ཐོག་དེ་ ལོག་བཀབ་པའི་བསྒང་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment