གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་༡༣ ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྐྱལ་བཏང་ཡོདཔ།

༢༡/༥/༢༠༡༣   ༉ འབྲུག་གི་ བཙག་འཐུ་ལྷན་ཚོགས་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྤྱི་ཟླ་༥ པའི་ཚེས་༨ ཚུན་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་༥༠,༨༥༣ ཐོབ་ཡོདཔ་ཨིན་པས།


དེ་ནང་ལས་ ཞུ་ཡིག་༦,༦༣༢ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་མ་འབད་མི་ཚུ་ཨིན་པས།
དེ་དང་འཁྲིལ་ ཞུ་ཡིག་བསྡོམས་༡,༠༡༦ དང་ ཡོངས་བསྡོམས་ཞུ་ཡིག་ལས་ བརྒྱ་ཆ་༢.༤ ལས་ཉུངམ་ཅིག་ནང་ ངོས་འཛིན་འདྲ་པར་གྱི་ ཨང་གྲངས་ཚུ་ ཚངམ་སྦེ་མེད་པའི་ཁར་ འགྲེམ་ཐོག་ཁ་བྱང་ཚུ་ཡང་ ཚངམ་སྦེ་མེད་མི་ལུ་བརྟེན་ ཆ་མེད་སོང་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཞུ་ཡིག་བཙུགས་མི་ཚུ་གིས་ ཞུ་ཡིག་འབྲི་ཤོག་ཕཱོམ་ནང་ རང་སོའི་ འབྲེལ་བ་འཐབ་སའི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ཡང་ བཀོད་མི་དང་འཁྲིལ་ ངོས་ལེན་འགོ་དཔོན་ཚུ་གིས་ བརྡ་དོན་ཚུ་ དབྱེ་ཞིབ་འབད་ཚུགས་མི་ལུ་བརྟེན་ ཆ་མེད་སོང་མི་ ཞུ་ཡིག་གི་གྱངས་ཁ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་ཕབ་འབད་ཚུགས་ཡོདཔ་ཨིན་པས།
ཕྱིའི་རྒྱལ་ཁབ་ཚུ་ནང་སྡོད་མི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ དུས་ཚོད་ཁར་ སྤྲོད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བའི་ནང་ ངོས་ལེན་འགོ་དཔོན་འོག་མ་ཚུ་ བསྐོ་བཞག་འབད་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
རྒྱལ་ཁབ་ཀྱི་ འདེམས་ཁོངས་༤༧ གྱི་ ངོས་ལེན་འགོ་དཔོན་ཚུ་གིས་ ཞུ་ཡིག་ཚུ་ཐོབ་སྟེ་ ངོས་ལེན་འབད་མི་དང་འཁྲིལ་ ངོས་ལེན་འགོ་དཔོན་འོག་མ་ཚུ་གིས་ འབྲུག་འགྲེམ་བརྒྱུད་དེ་ འགྲེམ་ཐོག་ཚོགས་རྒྱན་༢༡༥ རྒྱལ་ཁབ་༡༣ ནང་ བཏང་ཡོདཔ་ཨིན་པས།
དེ་ཡང་ ཨཱསི་ཊེ་ལི་ཡ་དང་ ཐའི་ལེནཌི་ རྒྱ་གར་ སུའིཊི་ཛར་ལེནཌི་ བང་ལ་དེཤི་ ཡུ་ནའི་ཊེཊི་ ཀིང་ཌཱོམ་ ཀུ་ཝེཊི་ ཤྲི་ལངྐ་ བེལ་ཇི་ཡམ་ ནི་དར་ལེནསི་ ཇ་པཱན་ ཨིསི་རི་ཡཱལ་ དེ་ལས་ ཕི་ལི་པིནསི་ཚུ་ཨིན་པས།
མཐའ་ཟུར་འདེམས་ཁོངས་ཚུ་ལས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ལྷོད་ནི་ལུ་ ཉིན་གྲས་༤ དེ་རེ་ འགོར་དོ་ཡོདཔ་ད་ དེ་བཟུམ་མའི་ ཐབས་ལམ་ལུ་བརྟེན་ དུས་ཚོད་མར་ཕབ་འབད་ནི་ལུ་ ཕན་སྦོམ་ཐོགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ལུ་ཡོད་པའི་ ངོས་ལེན་འགོ་དཔོན་ཚུ་གིས་ ངོས་ལེན་འབད་ཡོད་པའི་ ཐོ་ཡིག་བསྐྱལ་བཏང་མི་ཚུ་ལུ་ གཞི་བཞག་ཐོག་ལས་ ནིའུ་ཡཱོག་གི་ ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༦༠ བཀྲམ་ཡོདཔ་སྦེ་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment