གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་ལིག་ འགོ་འདྲེན་འཐབ་ནི།

༡༥/༠༥/༢༠༡༣  ༉ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་ལིག་གི་ འགྲན་བསྡུར་འགོ་འདྲེན་འཐབ་ནི་ཨིནམ་ད་ དུས་ཅི་ ཡིད་འཛིན་དང་ ཐིམ་ཕུ་ཁྲོམ་སྡེ་ རྫོང་རིགས་ འབྲུག་ཨིསི་ཊར་  འབྲུག་ཡུ་ནའི་ཊེཌ་སྡེ་ཚན་༥ གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།


ན་ཧིང་ ཐིམ་ཕུ་ སྡེ་ཚན་ཀ་པ་ལས་ རྩེད་འགྲན་དྲག་ཤོས་ཐོན་མི་ འབྲུག་པཱོལ་སྡེ་ཚན་གྱིས་ཡང་ བཅའ་མར་གཏོགས་ཡོད་རུང་ དུས་ཅི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུའི་ དུས་ཚོད་རན་ཡོདཔ་ལས་ སྲུང་སྐྱོབ་ཀྱི་ ལཱ་འབད་དགོ་མི་ལུ་བརྟེན་ བཅའ་མར་མ་གཏོགསཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ སྡེ་ཚན་ཀ་པ་ལས་ ཨང་༥ པ་དང་༦ པ་ཐོན་མི་ བི་ཨེམ་ཌབ་ལུ་དང་ མུ་ཏིག་ཐང་ཡུ་ནའི་ཊེཌ་སྡེ་ཚན་༢ དང་  སྡེ་ཚན་ཁ་པ་ལས་ དྲག་ཤོས་ཐོན་མི་ འབྲུག་ཨིསི་ཊར་དང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་༢ བསྡོམས་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབདཝ་ད་ བི་ཨེམ་ཌབ་ལུ་དང་ མུ་ཏིག་ཐང་ཡུ་ནའི་ཊེཌ་སྡེ་ཚན་༢ ཕམ་ཡོདཔ་ལས་ སྡེ་ཚན་ཀ་པའི་ རྩེད་འགྲན་ནང་ལྷོད་ཡོདཔ་ཨིན་པས།
ཐིམ་ཕུ་ སྡེ་ཚན་ཀ་པའི་ ཕུཊ་བཱོལ་རྩེད་འགྲན་ཚར་༢༠ རྐྱབ་ནི་ཨིནམ་ད་ སྡེ་ཚན་རེ་གིས་ ཚར་༤ རེ་ རྩེད་འགྲན་འབད་ནིའི་གོ་སྐབས་ཐོབ་ཚུགས་ཟེར་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
སྡེ་ཚན་ལས་ ཨང་དང་པ་འཐོན་མི་ལུ་ གསོལ་རས་དངུལ་ཀྲམ་༡༠༠,༠༠༠ དང་ཨང་༢ པ་ལུ་ དངུལ་ཀྲམ་༨༠,༠༠༠ དེ་ལས་ ཨང་༣ པ་ལུ་ དངུལ་ཀྲམ་༣༠,༠༠༠ བྱིན་ནི་ཨིན་པས།
དེ་བཟུམ་སྦེ་ སྡེ་ཚན་ལས་ རྩེད་འགྲན་དྲག་ཤོས་ཐོན་མི་ སྡེ་ཚན་༢ ལུ་ ཀོ་ཀ་ཀོ་ལ་ རྒྱལ་ཡོངས་ཕུཊ་བཱོལ་ལིག་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

                                                                                  བཀྲིས་ཕུན་ཚོགས།

No comments:

Post a Comment