གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤ་མུ་བཟའ་མི་ལུ་བརྟེན་ སྐྱེས་ལོ་༡༠ ལང་མི་ བུམོ་ཅིག་ཤི་རྐྱེན།

༡/༥/༢༠༡༣   ༉ པདྨ་ཐང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༢ པའི་སློབ་ཕྲུག་ སྐྱེས་ལོ་༡༠ ལང་མི་ བུམོ་ཅིག་ སྤྱི་ཟླ་༤ ཚེས་༢༧ རེས་གཟའ་ཉི་མ་ལུ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཤི་ཡོདཔ་ཨིན་པས།
དེ་ཡང་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ གཡུས་གསར་ན་གཡུས་ཚན་གྱི་ སོ་ནམ་པ་བཟའ་ཚང་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ སྐྱེས་ལོ་༣༥ འབད་མི་ ཕོ་སྐྱེས་དང་ གནས་ཚང་༢ ཤིང་འཐུ་བར་འགྱོཝ་ད་ ཚལ་མ་ནང་ལས་སྤོག་འབག་མི་ ཤ་མུ་དེ་ ཁོང་བཟའ་ཚང་ཆ་ཁྱབ་ ཕྱི་རུ་ ཚོདམ་བསྐོལ་བཟའ་མི་ལུ་བརྟེན་ཨིན་པས།



ཤ་མུའི་ཚོདམ་བཟའ་ཞིནམ་ལས་ ཞག་༡ དཀའ་ངལ་ག་ནི་ཡང་མ་བྱུང་རུང་ ནངས་པ་དྲོ་པ་ ད་རུང་ ཤ་མུ་གི་ཚོདམ་དེ་ བཟའ་བའི་ཞིནམ་ལས་ ཚེ་འདས་བུམོ་དེ་ སློབ་གྲྭ་ནང་སོང་ཡོདཔ་ད་ ཉིན་མའི་ལྟོ་གི་དུས་ཚོད་རནམ་ད་ བུམོ་དེ་ ཁ་ལས་སྐྱུགས་ནི་དང་ དྲོད་འབར་རྐྱབ་ནི་ ཨ་བ་བཤལ་ནད་ཚུ་ཐོབ་ལས་ ཁྱིམ་ནང་ འོང་ཡོདཔ་ཨིན་པས།
འདི་བཟུམ་སྦེ་ ཉིན་མ་ཁམས་ཅིག་ལས་ བཟའ་ཚང་གི་ ཨ་པ་དང་ཨའི་ སྐྱེས་ལོ་ཕྱེད་དང་༥ ལང་མི་བུཚ་དང་ སྐྱེས་ལོ་༡ ལང་མི་བུམོ་ཚུ་ག་ར་ ན་ཡོདཔ་ལས་ ཉེ་འདབས་ཀྱི་ཁྱིམ་ཚང་ཚུ་གིས་ དྲིས་དཔྱད་འབདཝ་ད་ ཤ་མུ་བཟའ་ཡོདཔ་ ཧ་གོ་ཡི་ཟེར་ཨིན་པས།
སྐལ་བཟང་དབང་ཕྱུག་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ གཡུས་མི་ཚུ་གིས་ ཕྱི་རུའི་ཆུ་ཚོད་༨ ལུ་ བསམ་གྲུབ་ཆོས་གླིང་སྨན་ཁང་ནང་ སྙན་ཞུ་འབད་བའི་ཤུལ་ལུ་ སྨན་ཁང་ནང་བསྐྱལ་ཡི་ཟེར་ཨིན་པས།
སྨན་ཁང་ནང་འོང་བའི་སྐབས་ ཨ་པ་དང་ ཨའི་༢ ཤུགས་སྦེ་ན་མི་ལུ་བརྟེན་ སྨན་གཡོགཔོ་ཚུ་གིས་ གུལ་ཀོསི་བཙུགས་ཐོག་ལས་ སྨན་བཅོས་འབད་ཡོད་རུང་ ཚེ་ལས་འདས་སོང་མི་བུམོ་དང་ ཨ་ལུ་གཞན་ཚུ་ལུ་ གུལ་ཀོ་འུསི་ཚུ་མ་བཙུགས་པར་ ཞག་༢ དེ་སྦེ་ར་ བཞག་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༢༦ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ ཚེ་འདས་བུམོ་དེ་ གློ་བུར་དུ་ཤུགས་སྦེ་ན་སྟེ་ ཁ་ལས་ཁྲག་སྐྱུགས་སྡོད་པའི་སྐབས་ སྨན་གཡོགཔོ་དེ་ སྨན་ཁང་ནང་མེད་པར་ ཁོ་རའི་ཁྱིམ་ནང་ སྡོད་ཡོདཔ་ལས་ ཚེ་འདས་ཀྱི་ ཨང་རྒས་བསོད་ནམས་བཟང་མོ་གིས་ ཚར་༢ བརྡ་ལན་འབད་བའི་ཤུལ་ལུ་ སྨན་གཡོགཔོ་གིས་ སྨན་ཁང་ནང་འོང་སྟེ་ གཱུལ་ཀོསི་བཙུགས་ཐོག་ལས་སྨན་བཅོས་འབད་རུང་ དྲག་མ་ཚུགསཔ་ལས་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ འབག་འགྱོ་བའི་ལམ་བར་ན་ ཚེ་ལས་འདས་སོཔ་བཟུམ་གྱི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་ གསང་སྔགས་རྡོ་རྗེ་གིས་ འབད་བ་ཅིན་ སྨན་གཡོགཔོ་དེ་གིས་ ཤ་མུ་བཟའ་མི་ག་ར་ལུ་ སྨན་བཅོས་འདྲ་མཉམ་སྦེ་ འབད་བ་ཅིན་ ཕན་ཐོགས་ཚུགས་ནིའི་འོས་འབབ་ཡོདཔ་ཨིན་རུང་ ཁོ་གིས་ སྨན་བཅོས་འབད་མ་བཏུབ་པར་ བཞག་མི་ལུ་བརྟེན་ ཨིན་པའི་དོགས་པ་ཆགས་ཅི་ཟེར་ཨིན་པས།
སྨན་གཡོགཔོ་གིས་འབད་བ་ཅིན་ ཚེ་འདས་བུམོ་དེ་ སྨན་ཁང་ནང་ལྷོད་པའི་སྐབས་ གནོད་སྐྱོན་ག་ནི་ཡང་མེདཔ་སྦེ་ མཐོང་ནི་དེ་གིས་ སྨན་བཅོས་འབད་དགོཔ་མ་མཐོང་ཟེར་ཨིན་པས།
གློ་བུར་དུ་ ཚེ་འདས་བུམོ་དེ་ ཁ་ལས་ ཁྲག་སྐྱུགས་པའི་སྐབས་ ང་བཅས་ཀྱིས་ སྨན་བཅོས་འབད་ཚུགས་པའི་འོས་འབབ་མེདཔ་ལས་ དེ་འཕྲོ་ལས་ གྲོགས་རམ་འབད་དེ་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ བཏང་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment