གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཱསི་ཀེཊི་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འོག་མ་ རེས་གཟའ་ཉི་མ་ལུ་རྩེ་ནི།

ན་གཞོན་ཚུ་གིས་ མཐའ་བཅད་འོག་མའི་དོན་ལུ་ དོ་འགྲན་འབད་བའི་བསྒང་།
༠༢/༠༥/༢༠༡༣ ༉ ཐིམ་ཕུ་ བཱསི་ཀེཊི་བཱོལ་རྩེད་འགྲན་གྱི་ ལིག་སྐོར་ཐེངས་ མཇུག་བསྡུ་ཡོདཔ་བཞིན་དུ་ མཐའ་བཅད་འགྲན་བསྡུར་འོག་མ་དེ་ སྤྱི་ཟླ་༥ པའི་ཚེས་༤ ལུ་ འགོ་འདྲེན་འཐབ་ནི་དང་ དེ་ཡང་ ཕོ་རྒྱསི་དང་ དཔའ་བཟངཔ་ དེ་ལས་ ཝི་ཟཱཌིསི་དང་ བྱ་ཁྱུང་སྡེ་ཚན་གྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།


འབྲུག་བཱསི་ཀེཊི་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སྟོབས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ རྩེད་འགྲན་དེ་ནང་ ན་གཞོན་མང་རབས་ཅིག་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ད་ཚུན་ལུ་ བྱ་སྟབས་མ་བདེཝ་ ག་ཅི་ཡང་མེད་པར་ ལེགས་ཤོམ་སོང་ཡོདཔ་ད་ འགྲན་བསྡུར་དེ་ མཇུག་བསྡུ་བའི་བསྒང་ལས་ ཐིམ་ཕུའི་དོན་ལུ་ བཱསི་ཀེཊི་བཱོལ་རྩེད་འགྲན་འབད་མི་ སྡེ་ཚན་ཀ་པ་ཅིག་ བཟོ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཡོད་པའི་ རྩེད་འགྲན་སྡེ་ཚན་ཚུ་ སྡེ་རིམ་མ་འདྲཝ་སྦེ་ ཁག་དབྱེ་མི་གིས་ ཚོགས་སྡེ་ལུ་ རྒྱལ་ཡོངས་བཱསི་ཀེཊི་བཱོལ་ རྩེད་འགྲན་པ་ གདམ་འཐུ་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
ད་རེས་ཀྱི་རྩེད་འགྲན་དེ་ འགོ་མ་བཙུགས་པའི་ཧེ་མར་ མཐར་འཁྱོལ་སྐོར་ཐེངས་ནང་ སྡེ་ཚན་༡༢ ཀྱིས་ བཅའ་མར་གཏོགས་མིའི་གྲས་ལས་ ཝི་ཟཱཌསི་དང་ བྱ་ཁྱུང་ ཕོ་རྒྱསི་ དཔའ་བཟངཔ་ ཐིམ་ཕུ་ཏཱ་ཀིན་ དེ་ལས་ མཱེ་ཇིགསི་ཚུ་ སྡེ་རིམ་ཀ་པའི་ནང་ ཐོ་བཀོད་འབད་ཡོདཔ་ད་ རྩེད་འགྲན་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལས་ འགོ་བཙུགས་ཡོདཔ་ཨིན་པས།
སྟོབས་རྒྱས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྩེད་འགྲན་གྱི་སྐབས་ རྩེད་འགྲན་འགོ་འདྲེན་འཐབ་མི་ འགོ་དཔོན་ཚུ་གི་སྐོར་ལས་ མ་བཏུབ་པའི་བསམ་ལན་ དུམ་གྲ་རེ་བཀོད་མི་ཡང་ ཐོན་ཡི་ཟེར་ཨིན་པས།
བཱསི་ཀེཊི་བཱོལ་ལུ་ དགའ་མི་ཚུ་གིས་འབད་བ་ཅིན་ རྩེད་འགྲན་པ་ཚུ་གིས་ རྩེད་ཐངས་དང་ རིག་རྩལ་ཚུ་ ཧེ་མ་དང་ཕྱདཔ་ད་ གོང་འཕེལ་སྦོམ་སོང་ཡོདཔ་ཨིན་རུང་ རྩེད་འགྲན་གྱི་ ངོ་ཚབ་འབད་མི་ འགོ་དཔོན་གྱི་གནས་སྟངས་ཚུ་ འགྱུར་བ་མ་འགྱོ་བར་ དེ་སྦེ་ར་འདུག་ཟེར་ཨིན་པས།
རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༤ པའི་ཚེས་༥ ལུ་ འགོ་འདྲེན་འཐབ་ནི་དང་ དྲག་ཤོས་འཐོན་མི་ སྡེ་ཚན་གྱིས་ སཱག་ལུང་ཕྱོགས་གནས་ཚད་ཀྱི་ ཀ་ལབ་ཀྱི་རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ འཐོབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment