གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་གསུམ་ཚོགས་པའི་བསྐུལ་བསྒྲགས་ ཀྲོང་གསར་ལས་འགོ་བཙུགས་ཡོདཔ།

༡༡/༥/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ བསྐུལ་བསྒྲགས་ལས་རིམ་དེ་ ཁ་ཙ་ ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཀྲོང་གསར་རྫོང་ཁག་ལས་ འགོ་བཙུགས་གནང་ཡོདཔ་ད་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་དང་པའི་སྐབས་ལུ་ཡང་ རྫོང་ཁག་དེ་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།


བློན་ཆེན་བགྲེསཔ་གིས་ ཚོགས་པའི་བསྐུལ་བསྒྲགས་དེ་ རྒྱལ་རབས་ཅན་གྱི་རྫོང་ཁག་ ཀྲོང་གསར་ལས་ འགོ་བཙུགས་དགོ་མི་དེ་ཡང་ འབྲུག་གི་དབང་ཕྱུག་རྒྱལ་བརྒྱུད་རིང་ལུགས་ རྫོང་ཁག་དེ་ནང་ལས་ དབུ་བརྙེས་ནི་དེ་གིས་ཨིན་ཟེར་ གསུངས་ཡོདཔ་ད་ གཙོ་འཛིན་གྱིས་ འབྲུག་ཕུན་སུམ་ཚོགས་པའི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ གསལ་བཤད་གནང་ཡོདཔ་བཞིན་དུ་ ཁ་ཙ་ ཕྱི་རུ་ བུམ་ཐང་ལུ་ མི་སེར་ཚུ་དང་ཕྱད་དེ་ གྲོས་བསྡུར་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment