གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགྲ་མེད་རྩེ་དང་ ན་རང་རྒེད་འོག་༢ ཀྱི་ འཐུང་ཆུའི་རྩོད་རྙོགས་ ཁྲིམས་འདུན་ལུ་བཙུགས་ཡོདཔ།

༠༢/༠༥/༢༠༡༣  ༉ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་དང་ ན་རང་རྒེད་འོག་༢ ཀྱི་བར་ན་ འཐུང་ཆུའི་སྐོར་ལས་ རྩོད་རྙོགས་ཐོན་ཏེ་ ཟླཝ་ཕྱེད་དང་གཉིས་ཀྱི་ཤུལ་ལས་ ཁེ་རྒུད་མ་བཏུབ་མི་ འཐུས་ཚབ་༦ གིས་ ཁ་ཙ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ནུག།
སྦི་མཁར་དང་ འུང་མཁར་གཡུས་ཚན་གྱིས་ 
ཆུ་འཐེན་འབག་མི་ ན་རང་སེམས་ཅན་པོ་གཡུས་ཚན།

དེ་ཡང་ དགྲ་མེད་རྩེ་སྦིས་མཁར་དང་ འུང་མཁར་གཡུས་ཚན་ལས་ ཁྱིམ་གུང་༣༧ དེ་ཅིག་གི་ ངོ་ཚབ་ཚུ་གིས་ རྩོད་གཞི་ཕྱེ་ནིའི་དོན་ལུ་ ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ཡོདཔ་ད་ རྩོད་རྙོགས་དེ་ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ཉིན་མར་ ན་རང་གི་ མི་སེར་དག་པ་ཅིག་གིས་ སེམས་ཅན་པོ་ལས་ འཐེན་འབག་མི་ ཆུ་དུང་བཏོག་བཏང་མི་ལུ་བརྟེན་ འགོ་བཙུགས་ཡོདཔ་ཨིན་པས།

 
ཉམས་རྒུད་པ་ཚུ་གིས་ དེ་འཕྲོ་ལས་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ རྫོང་ཁག་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ རྫོང་ཁག་ལས་ སྡེ་ཚན་ཅིག་གིས་ ཞིབ་དཔྱད་འབད་དེ་ རྒེད་འོག་༢ ཀྱི་ མི་སེར་ཚུ་གི་བར་ན་ ཟིང་འཁྲུག་ལང་མ་དགོ་པར་ ན་རང་གི་ མི་སེར་ཚུ་གིས་ ཆུ་དུང་གསརཔ་བཙུགས་ནི་སྦེ་ གན་རྒྱ་བཟོ་ཡོདཔ་མ་ཚད་ ཆུ་ཡང་ རྐ་གཅིག་ལས་ བགོ་བཤའ་རྐྱབ་ནི་སྦེ་ ནང་འགྲིགས་འབད་མི་དང་འཁྲིལ་ ཆུ་དུང་ཚུ་ཡང་ གསརཔ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ སྦིས་མཁར་དང་ འུང་མཁར་གྱི་ གཡུས་ཚན་གཉིས་ནང་ ཁྱིམ་གུང་ལེ་ཤ་ཡོད་མི་ལུ་བརྟེན་ ཆུའི་དཀའ་ངལ་ཡོདཔ་ལས་ སེམས་ཅན་པོ་ལུ་ ཁྱིམ་གུང་༣ དེ་ཅིག་གིས་སྤྱོད་མི་ ཆུ་རྐ་དེ་ བགོ་བཤའ་རྐྱབ་རུང་ ལངམ་སྦེ་ཡོད་རུང་ ཁོང་གི་གཡུས་ཚན་ནང་འཐེན་མི་ ཆུ་དུང་ཚུ་ བཏོག་བཏང་མི་དེ་ ཁྲིམས་འགལ་གྱི་ ལཱ་ཅིག་དང་ གཞུང་ལུ་ ངོ་རྒོལ་འབད་དོ་བཟུམ་ཅིག་ཨིནམ་ལས་ ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ཅི་ཟེར་ འཐུས་མི་༦ གིས་ སླབ་ཨིན་པས།
དེ་མ་ཚད་ ནང་འགྲིགས་བཟོ་བའི་སྐབས་ལུ་ཡང་ རྒེད་འོག་༢ ཀྱི་ མི་སེར་ཚུ་ མ་འབོ་བར་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ ནང་འགྲིགས་འབད་ཡི་ཟེར་ སླབ་མ་གཏོགས་ ཉམས་རྒུད་པ་ཚུ་གིས་ འབྲེལ་གཏོགས་འབད་མ་ཚུགས་མི་ལུ་བརྟེན་ ཤུལ་ལས་ བྱ་སྟབས་མ་བདེཝ་ འཐོན་ནི་གི་ འོས་འབབ་ཡོད་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
ན་རང་གི་ མི་སེར་ཚུ་གིས་ མདང་ཞག་ ཀུན་གསལ་ལུ་ སླབ་མིའི་ནང་ འཐུང་ཆུའི་རྐ་དེ་ ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་བགོ་བཤའ་རྐྱབ་ནི་ལུ་ མི་ལང་ནི་ཨིན་པའི་སྐོར་ལས་དང་ དེ་བཟུམ་མའི་ སྟབས་མ་བདེཝ་ མི་འཐོན་ནིའི་དོན་ལུ་ དགྲ་མེད་རྩེ་རྒེད་འོག་ལུ་ ཡིག་གུ་ཡང་ ལེ་ཤ་ཅིག་ར་ སྤྲོད་ཡོདཔ་མ་ཚད་ རྫོང་ཁག་ལུ་ཡང་ ཕུལ་ཡོད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
རྫོང་ཁག་དང་ རྒེད་འོག་གིས་ ནང་འགྲིགས་བཟོ་མི་དང་འཁྲིལ་ ཆུ་དུང་ཚུ་ གསརཔ་ཉོ་བྱིན་ཡོདཔ་མ་ཚད་ ལཱ་ཚུ་ཡང་ ན་རང་གི་ མི་སེར་ཚུ་གིས་ འབད་བའི་ཁར་ རྒུད་འཐུས་དངུལ་ཀྲམ་༣,༠༠༠ སྤྲོད་ཐོག་ལས་ དགྲ་མེད་རྩེ་རྒེད་འོག་གི་ མི་སེར་ཚུ་གིས་ ག་ཅི་སླབ་མི་ལུ་ ཉན་སྡོད་ཅི་ཟེར་ སླབ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དགྲ་མེད་རྩེའི་ མི་སེར་༢༦ དེ་ཅིག་གིས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ཡང་ མོང་སྒར་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བར་ གླ་འཁོར་བཱོ་ལེ་རོ་༣ གླ་ཁར་ལེན་ཏེ་ འོང་ཡོད་རུང་ དེ་བསྒང་ བཙག་འཐུའི་བྱ་རིམ་དང་ ཁ་ཐུག་རྐྱབ་ནི་དེ་གིས་ ཁྲིམས་འདུན་ལུ་ བཅར་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment