གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་ལུ་ འདེམས་ངོ་༤༡ གཏན་འཁེལ།

ཡེ་ཤེས་རྡོ་རྗེ།
༠༣/༠༥/༢༠༡༣ ༉ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་༤༡ པ་དེ་ སྐྱེས་ལོ་༣༣ ལང་མི་ ཡེ་ཤེས་རྡོ་རྗེ་དེ་ཨིནམ་ད་ ཁོ་གིས་ མགར་ས་རྫོང་ཁག་ དགོན་ཁ་སྨད་-ལུང་ནག་ནང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།


ཡེ་ཤེས་རྡོ་རྗེ་གིས་ སི་ཀིམ་གཙུག་ལག་སློབ་གྲྭ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ལྟ་བཤལ་ལམ་སྟོན་པ་སྦེ་ ལོ་༣ ལཱ་འབད་ཡོདཔ་མ་ཚད་ ཁག་འབག་གི་ སློབ་དཔོན་སྦེ་ ལོ་༣ ཕྱག་ཞུ་སྟེ་ སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ཡོད་རུང་ བཙག་འཐུ་གྲུབ་མ་ཚུགས་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ལས་ ཉམས་མྱོང་ལེ་ཤ་ཐོབ་ཡོདཔ་བཞིན་དུ་ ད་ལས་ཕར་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ཐོག་ལུ་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ ཅི་དྲག་གང་དྲག་ཐོབ་ ཕྱག་ཞུ་ཆོག་ཆོ་ཡོད་ཟེར་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ མདང་ཞག་ཅིག་ཁར་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་ ཚོགས་པའི་གཙོ་འཛིན་གྱི་ གསལ་བཤད་ཉན་པའི་སྐབས་ལུ་ ཚོགས་པ་དེ་ནང་ འཛུལ་ནི་གི་ སྤྲོ་བ་བྱུང་ཡི་ཟེར་ཨིནམ་ད་ ཁོ་གིས་ གྲོང་གཡུས་ཚུ་ནང་ གོང་འཕེལ་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་ནི་དང་ ན་གཞོན་ཚུ་ལུ་བྱུང་མི་ དཀའ་ངལ་ཚུ་ བསལ་ཐབས་འབད་ནི་ཚུ་ ཁོ་གི་ གཙོ་རིམ་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment