གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་ཚོང་འབྲེལ་འཐབ་མི་༢ འཛིན་བཟུང་།

༡༠/༥/༢༠༡༣   ༉ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༥ པའི་ཚེས་༧ གྱི་ཕྱི་རུ་ རིན་ཆེན་སྡིངས་ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁར་ བཀག་འཛིན་འབད་མི་ སྨྱོ་རྫས་ཀྱི་རིགས་ ཚུལ་མིན་གྱི་སྒོ་ལས་ ཚོང་འབྲེལ་འཐབ་མི་དང་འབྲེལ་བའི་ དོགས་ཅན་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
འཕྱོག་བཟུང་འབད་མི་ སྨྱོ་རྫས་ཚུ།


ཁྲིམས་སྲུང་འགག་སྡེའི་ སེམས་ཁམས་འཁྲུགས་རྫས་ཁྲིམས་ལུགས་བསྟར་སྤྱོད་སྡེ་ཕྲན་ལས་གོ་བའི་ ལོ་རྒྱུས་དང་འཁྲིལཝ་ད་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ བཀག་འཛིན་ཅན་གྱི་ སྨྱོ་རྫས་འབག་མི་ སྣུམ་འཁོར་ཨིསི་ཀོར་པིའོ་ཀཱར་ཅིག་ སོང་ཡོད་པའི་སྐོར་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལུ་ ཞིབ་དཔྱད་སྒོ་ར་ཁར་ཡོད་མི་ ཁྲིམས་སྲུང་འགག་པ་ལུ་ བརྡ་སླབ་སྟེ་ སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ དོགས་ཅན་ཚུ་ འཛིན་བཟུང་འབད་ནུག།
ཐིམ་ཕུ་ལུ་ འོང་པའི་བསྒང་ཨིན་མི་ དོགས་པ་ཅན་ཚུ་ ཕྱི་རུའི་ཆུ་ཚོད་༥.༡༥ དེ་ཅིག་ཁར་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་ནང་ ཞིབ་དཔྱད་རྐྱབ་ད་ ཨེསི་པི་སྨན་ལེབ་༡,༡༥༢ དང་ ཨར་པི་སྨན་ལེབ་༣༠༠ ཆུ་ཤོག་གནགཔོ་ཅིག་ནང་སྤུར་ཏེ་ གྱིབ་འཁོར་སོར་ཐེབས་ནང་ བཙུགས་འབག་འོང་ཡོདཔ་མཐོང་ནུག།
དོགས་པ་ཅན་༡ མོང་སྒར་ལས་དང་ གཞན་མི་དེ་ ཐིམ་ཕུ་ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་ཨིནམ་ད་ ཁོང་༢ ཀྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མིའི་ནང་ སྨྱོ་རྫས་ཚུ་ རང་བཟའ་སྤྱོད་ཀྱི་དོན་ལུ་ ཇའི་སྒང་ལུ་ ངོ་མ་ཤེས་མི་ཅིག་ལས་ རུ་པི་༦,༦༠༠ སྤྲོད་དེ་ ཉོ་འབག་འོང་ཡོདཔ་སྦེ་ བཀོད་ནུག།
དོགས་པ་ཅན་གཉིས་ཆ་ར་ ཕུན་ཚོགས་གླིང་གི་ དོ་དམ་ཁང་ལྟེ་བའི་ནང་ བཞག་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment