གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་ཚུ་གིས་ འདེམས་ངོ་གསརཔ་༢ ལུ་ ཁ་བཏང་དོ་ཡོདཔ།

༤/༥/༢༠༡༣  ༉ གསོ་བའི་དྲུང་ཆེན་བགྲེསཔ་ ཌོག་ཊར་དགའ་མདོག་ཚེ་རིང་དེ་ ལྷན་ཁག་ནང་ ངན་ལྷད་ཀྱི་གནད་དོན་དང་འབྲེལ་བའི་ དབྱེ་ཞིབ་ཚུ་འབད་བའི་སྐབས་ ཀུན་སྤྱོད་རྣམ་གཞག་གི་ཐོག་ལས་ དགོངས་ཞུ་འབད་མི་ཅིག་འབད་རུང་ ཁོ་གིས་ སྲིད་ཚོགས་ནང་ འདེམས་ངོ་སྦེ་ འཐོན་ནིའི་དོན་ལུ་ ཁྱད་ཆོས་ཚུ་ ཚང་ཡོདཔ་སྦེ་ འབྲུག་ཕུན་སུམ་ཚོགས་པའི་མགྲིན་ཚབ་ བསྟན་རྒྱས་བློན་པོ་བགྲེསཔ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་ཨིན་པས།


ཌོག་ཊར་དགའ་མདོག་ཚེ་རིང་དེ་ ཧཱ་རྫོང་ཁག་ སྦྱིས་-དཀར་འཚོ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ སྲིད་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་འདུའི་འཐུས་མི་བགྲེསཔ་ ཨོ་རྒྱན་ཚེ་རིང་གི་ཚབ་སྦེ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
མཁའ་འགྲོ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དགའ་མདོག་ཚེ་རིང་དེ་ འདེམས་ངོ་སྦེ་ བཏོན་ནི་ལས་ བཀག་དགོ་པའི་གནད་དོན་ག་ཅི་ཡང་ མ་མཐོངམ་བཞིན་དུ་ ད་རེས་ ཉམས་མྱོང་ཅན་གྱི་འདེམས་ངོ་ ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ཌོག་ཊར་དགའ་མདོག་ཚེ་རིང་གིས་ སྤྱི་ལོ་༢༠༡༡ ལུ་ ཁོ་ར་གིས་ ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ དགོངས་ཞུ་འབད་ཡོདཔ་ད་ དེ་བསྒང་ ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༣༠༠ འི་ ཆ་ཆས་མཁོ་སྒྲུབ་འབད་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དབྱེ་དཔྱད་འབད་བའི་བསྒང་ཨིན་པས།
མ་གཞི་ཁོ་ར་ དགོངས་ཞུ་འབད་དགོ་པའི་གནས་སྟངས་ནང་ མ་ལྷོད་དེ་འབད་རུང་ ལས་ཁུངས་ཀྱིས་ འགོ་དཔོན་ཅིག་ལུ་ དེ་འབད་ནི་དེ་གིས་ ཀུན་སྤྱོད་རྣམ་གཞག་གི་སྒོ་ལས་ དགོངས་ཞུ་འབདཝ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནིའི་ནང་ འོས་འབབ་ལྡན་ཏོག་ཏོ་ ཡོད་མེད་ཀྱི་སྐོར་ལས་ དོགས་པ་ཡོད་མི་ འདེམས་ངོ་གཞན་མི་དེ་ བཀྲིས་སྒང་ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ངོ་སྤྲོད་འབད་མི་ འཇིགས་མེད་ཚུལ་ཁྲིམས་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་ཀྱིས་ ད་ལྟོ་ཚུན་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཡིག་ཆ་མང་ཤོས་ར་ ཚང་ཡོདཔ་ཨིན་རུང་ ལྷག་ལུས་དུམ་གྲ་ཅིག་ཡོད་ཟེར་ སྲིད་ཚོགས་ཀྱི་མགྲིན་ཚབ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་ཡོདཔ་ཨིན།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༣ གྱི་ དོན་ཚན་༤ པའི་ག་པ་ནང་ གལ་སྲིད་ སྲིད་ཚོགས་ཀྱི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་དང་ ཡང་ཅིན་ བཙག་འཐུའི་ཡིག་ཚང་ལག་ལེན་འཐབ་མི་ གང་རུང་ཅིག་གིས་ ཁྲིམས་འགལ་གྱི་ལཱ་འབད་བའི་ཁར་ བཙོན་ཁྲིམས་ཕོག་མི་ཨིན་པ་ཅིན་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ནི་ལུ་ འོས་འབབ་མེད་ཟེར་ བཀོད་དེ་ཡོདཔ་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་ཀྱིས་ ད་ལྟོ་ཚུན་ ཁྲིམས་སྲུང་འགག་པ་ལས་ ཉོགས་མེད་ལག་ཁྱེར་གྱིས་གཙོས་པའི་ ཡིག་ཆ་གཞན་ག་ར་ ཐོབ་ཚར་ཏེ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
མ་གཞི་ཁོ་ལུ་ ཉེས་ཕྲའི་ཁྲིམས་ཚུ་ ཕོག་ཡོདཔ་ཨིན་རུང་ དེ་ལུ་ ཁོ་གིས་ ཉེས་བྱ་སྤྲོད་ཡོདཔ་ལས་ བཙོན་ཁང་ནང་ སྡོད་སྡོདཔ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ལུ་བརྟེན་པའི་ དཀའ་ངལ་ཚུ་ མི་འབྱུངམ་འོང་ཟེར་ མནོ་བསམ་བཏངམ་ཨིན་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ གོ་བ་དང་འཁྲིལ་དགོཔ་འོང་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ རྩ་ཁྲིམས་ཆེན་མོའི་ནང་ཡང་ ཚུད་ཡོདཔ་མ་ཚད་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ནང་ཡང་ ཉེས་པ་ཡང་ཕྲ་ཕོག་པའི་ མི་དེ་ལུ་ བཙོན་ཁྲིམས་ཉུང་ཤོས་ ཟླཝ་༡ དང་ མཐོ་ཤོས་ལོ་༡ ལས་ཉུངམ་སྦེ་ ཕོག་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment