གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་ཁང་གི་ཆོག་ཐམ་ བསྐྱར་གསོའི་འཐུས་ ཡར་སེང་འབད་ནི་དེ་ ཕར་འགྱངས་འབད་ཡོདཔ།

༡༡/༥/༢༠༡༣   ༉ བདེ་བ་ཐང་ལུ་ ཆང་ཁང་བཙུགས་སྡོད་མི་ སྐྱེས་ལོ་༤༡ ལང་མི་ ཇ་མུ་ན་པར་དཱན་གྱིས་ ལོ་བསྟར་གྱི་ཆང་ཁང་ཁྲལ་ ག་དེ་སྦེ་ བཏབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྡོད་ཅི་ཟེར་ཨིན་པས།
མོ་གི་ཆང་ཁང་དེ་ནང་ ཚོང་དག་པ་ཅིག་ཡོད་མིའི་སྦུག་ལུ་ ཆང་གི་དམ་སྦྱིས་༤ དང་ ཏི་རུ་བཞག་སའི་སྒྲོམ་ཆུང་ཀུ་ཅིག་ཡོད་མིའི་འོག་ལས་ ཆང་བི་ཡར་ཤོག་སྒམ་༡ བཙུགས་ཡོདཔ་ཨིན་པས།

ཇ་མུ་ན་པར་དཱན་གྱིས་ ཆང་བཙོང་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།


བདེ་བ་ཐང་ དམག་མི་གི་སྨན་ཁང་འོག་ལས་ ཆང་ཁང་དང་ བཟའ་ཁང་སྦྲགས་བཙུགས་མི་དེ་ ལོ་༤ ལྷགཔ་ཅིག་ སོང་ཡོདཔ་ད་ བཟའ་ཁང་གི་ཆོག་ཐམ་དེ་ རང་དབང་སྤྱོད་རུང་ ཆང་ཁང་གི་ཆོག་ཐམ་དེ་ མི་གཞན་ལས་ གླ་ཁར་ལེན་ཡོདཔ་ཨིན་པས།
ཇ་མུ་ན་གིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ བདེ་བ་ཐང་གི་ས་གནས་ནང་ སྡོད་མི་ཅིག་ལས་ ཆང་ཁང་གི་ ཆོག་ཐམ་དེ་ གླ་ཁར་ལེན་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ཆོག་ཐམ་གྱི་སྤྱོད་འཐུས་ དངུལ་ཀྲམ་༡༠,༠༠༠ སྤྲོད་དོ་ཟེར་ཨིན་པས།
ཟླ་ངོ་དག་པ་ཅིག་གི་ཧེ་མ་ ཆང་ཁང་གི་ ཆོག་ཐམ་བསྐྱར་གསོའི་འཐུས་དེ་ དངུལ་ཀྲམ་༥,༠༠༠ ལས་ དངུལ་ཀྲམ་༡༥,༠༠༠ ལུ་ ཡར་སེང་འབད་ནི་ཟེར་ སླབ་མི་ལུ་བརྟེན་ མོ་ལུ་ཚ་གྱང་ ཐེབས་ར་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བདུན་ཕྲག་གཅིག་ནང་ ཆང་བི་ཡར་ཤོག་སྒམ་༡ དང་ ཆང་གཞན་མི་དུམ་གྲ་རེ་ལས་བརྒལ་ བཙོང་མི་ཚུགས་པས་ཟེར་ཨིན་པས།
ཚོང་ཁང་འདི་ནང་ལས་བཟོ་མིའི་འོང་འབབ་ཚུ་ ཆང་ཁང་གི་གླ་འཐུས་སྤྲོད་ནི་དང་ ཁྱིམ་གྱི་ཁང་གླ་ དེ་ལས་ ཨ་ལུ་ཚུ་གི་སློབ་གྲྭ་ཟད་འགྲོ་ བཏང་བའི་བསྒང་ལས་ མོ་ལུ་ ཁེ་སང་དུམ་གྲ་རེ་ལས་ མིན་འདུག་ཟེར་ཨིན་རུང་ རང་གི་ མི་ཚེ་སྐྱོང་ཐབས་ལུ་ ལཱ་ཅིག་མ་འབད་བར་མི་བཏུབ་པས་ཟེར་མནོ་སྟེ་ ལཱ་རྩ་འགེངས་འབད་དོ་ཟེར་ཨིན་པས།
བདེ་བ་ཐང་གི་ ས་གནས་བཟུམ་ཅིག་ནང་འབད་བ་ཅིན་ ཚོང་འབྲེལ་གྱི་གོ་སྐབས་དེ་ ཉུང་ར་ཉུང་མས་ཟེར་ཨིནམ་ད་ ཁྲོམ་ནང་སྡོད་མི་ མི་སེར་ཚུ་གིས་ བསྟན་རྒྱས་ལྷན་ཁག་ལུ་ ཆོག་ཐམ་བསྐྱར་གསོའི་འཐུས་དེ་ ཡར་སེང་མ་འབད་བར་ ཧེ་མ་ག་ཨིནམ་སྦེ་ར་ དངུལ་ཀྲམ་༥,༠༠༠ ལུ་བཞག་གནང་དགོཔ་སྦེ་ ཞུ་བ་འབད་མི་དང་བསྟུན་ ལྷན་ཁག་གིས་ བཀྲིན་བསྐྱང་ཐོག་ལས་ གནང་བ་སྒྲུབས་མི་ལུ་ མོ་ར་ སེམས་དགའ་ཡི་ཟེར་ཨིན་པས།
མི་སེར་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡིག་ཚང་ བརྒྱུད་དེ་ ཞུ་བ་འབད་ཡོདཔ་ད་ ཆོག་ཐམ་བསྐྱར་གསོའི་ འཐུས་ཡར་སེང་འབད་ནི་དེ་ རྫོང་ཁག་ གཞན་མི་ཚུ་ནང་ ན་ཧིང་ལས་འགོ་བཙུགས་ཡོདཔ་བཞིན་དུ་ ན་ཧིང་ བདེ་བ་ཐང་ཁྲོམ་ནང་ལུ་ཡང་ དངུལ་ཀྲམ་༥,༠༠༠ ལས་ དངུལ་ཀྲམ་༡༥,༠༠༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
བདེ་བ་ཐང་ཁྲོམ་གྱི་ ཆང་ཁང་ཇོ་བདག་༢༧ དེ་ཅིག་གིས་ འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེ་དང་གཅིག་ཁར་ ཁྲོམ་སྡེ་ཀ་པའི་གྲངས་སུ་ བཙུགས་ཡོདཔ་ཨིན་རུང་ བདེ་བ་ཐང་ཁྲོམ་དེ་ ད་ལྟོ་ཡང་ མཐའ་ཟུར་སྦེ་ར་ ལུས་ཡོད་ཟེར་ཨིན་པས།
མ་གཞི་ བདེ་བ་ཐང་གི་ཁྲོམ་སྡེ་ ཁྲོམ་སྡེ་ཀ་པ་ཨིན་ཟེར་སླབ་རུང་ ཁྲོམ་སྡེའི་མཐུན་རྐྱེན་ག་ཅི་ཡང་ མ་ཚང་པར་ཡོད་ཟེར་ ཆང་ཁང་གི་ཇོ་བདག་ཅིག་ཨིན་མི་ འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་གིས་ ཆོག་ཐམ་འཐུས་ཡར་སེང་འབད་ནིའི་དོན་ སྤྱི་ལོ་༢༠༡༥ ཟླཝ་༦ པའི་ཚེས་༣༠ ཚུན་ ཕར་འགྱངས་འབད་དོ་ཡོདཔ་ལས་ འཐུས་དངུལ་ཀྲམ་༥,༠༠༠ སྦེ་ར་བཞག་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment