གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་འཐུས་མི་ གཏན་འཁེལ་དབྱེ་ཞིབ་ཀྱི་ ལཱ་འབད་དོ་ཡོདཔ།

༡༡/༥/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་གིས་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་མི་ཚུ་ལུ་ དབྱེ་ཞིབ་འབད་དེ་  བདུན་ཕྲག་ཅིག་ལང་ནི་འབད་རུང་ སྲིད་དོན་ཚོགས་པ་ལ་ལུ་ཅིག་གིས་ ད་ལྟོའི་བར་ན་ཡང་ ཚོགས་པའི་འདེམས་ངོ་ཚུ་ གཏན་འཁེལ་བཟོ་བའི་བསྒང་ ཡོདཔ་ཨིན་པས།


མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ཟླ་༥ པའི་ཚེས་༩ ལུ་ ཚོགས་པའི་ལོ་བསྟར་ཞལ་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་༡༢ གསལ་སྟོན་འབད་དེ་ གཞན་མི་འདེམས་ངོ་གསུམ་གྱིས་ དགོངས་ཞུའི་དོན་ལུ་ ལཱ་འབད་དོ་ཟེར་ བཤདཔ་ཨིན་པས།
བརྡ་བརྒྱུད་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ཅིག་གིས་ ཞག་དག་པ་ཅིག་གི་ཧེ་མར་ ཁོ་རའི་ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ནིའི་ཡི་གུ་ བཙུགས་ཡོདཔ་ད་ དེ་ཡང་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ འདེམས་ངོ་༤༧ གསལ་སྟོན་འབད་ནི་གི་དོན་ལུ་ མགར་སའི་འདེམས་ངོ་གཉིས་ གསལ་སྟོན་འབད་མ་ཚུགསཔ་ལས་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་མ་ཆོགཔ་ བཟོ་ཡོདཔ་ཨིན་པས།
ཚོགས་པ་ལ་ལུ་ཅིག་ ད་ལྟོ་ཡང་ འདེམས་ངོ་འཚོལ་བའི་བསྒང་ཡོདཔ་མ་ཚད་ འདེམས་ངོ་ལ་ལུ་ཅིག་གིས་ ད་ལྟོ་ དགོངས་ཞུའི་ཡི་གུ་བཙུགས་པའི་བསྒང་ཡོདཔ་ལས་ ཚོགས་པ་ཚུ་གིས་ འགོ་ཐོག་བཙག་འཐུ་གི་དོན་ལུ་ དབྱེ་ཞིབ་འབད་བའི་སྐབས་ འདེམས་ངོ་༤༧ གི་མིང་ཐོ་ཚུ་ ག་དེ་སྦེ་ གསལ་སྟོན་འབད་དེ་ དོ་འགྲན་ཁས་ལེན་ནང་ལས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་ན་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་༤༧ ཚངམ་སྦེ་ཡོད་ཟེར་སླབ་རུང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འདེམས་ངོ་ཚུ་ ཁོང་རའི་དུས་ཚོད་དང་འཁྲིལ་ གསལ་སྟོན་འབད་ནི་ཟེར་ བཤད་པའི་ཁར་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ བཙག་འཐུ་ལྷན་ཚོགས་ཀྱི་ དགོས་མཁོ་དེ་ཡང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ཡི་གུ་རྐྱངམ་གཅིག་ཨིནམ་ལས་ དགོངས་ཞུའི་སྐོར་ལས་ བཀོད་དེ་མིན་འདུག་ཟེར་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་ སྲིད་དོན་ཚོགས་པ་ཚུ་གིས་ ཡི་གུ་ཚུ་ག་ར་ཆ་ཚང་སྦེ་ སྤྲོད་དེ་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ དབྱེ་ཞིབ་འབད་ཡི་ཟེར་ བཤད་པའི་ཁར་ ཚོགས་པའི་དྲི་ཤོག་དང་གཅིག་ཁར་ ཚོགས་པའི་ཡིག་ཚང་དང་ ཐོ་བཀོད་འབད་ཡོད་པའི་འཐུས་མི་གི་ཐོ་ དེ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ ཐོ་བཀོད་འབད་བའི་སྐབས་ཀྱི་ ཡིག་ཆ་དང་ ལྟ་བ་ཚུ་ སྤྲོད་ཡོདཔ་ཨིན་པས།
ཁས་ལེན་ཡིག་གུ་བཙུགས་པའི་ གནས་ཚད་ནང་ འདེམས་ངོ་ཚུ་གིས་ དགོངས་ཞུ་འབད་ཡོད་མེད་དང་ ཉེས་ལས་དང་འབྲེལ་བའི་ ཐོ་བཀོད་འབད་ཡོད་མེད་ འདེམས་ངོ་གི་ གཟུགས་ཁམས་ག་དེ་སྦེ་ ཡོདཔ་ཨིན་ན་ བརྟག་དཔྱད་འབད་ནིའི་ དབང་ཆ་མེདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ད་ལྟོ་ མཚན་རྟགས་བཀོད་མི་ འདེམས་ངོ་༤༧ ཡོདཔ་ལས་ གནས་སྟངས་དེ་གི་སྐོར་ལས་ ཞིབ་དཔྱད་འབད་དགོ་རུང་ གནས་སྟངས་དང་འཁྲིལ་ འབད་དགོཔ་འོང་ཟེར་ཨིན་པས།
སྤྱི་ཁྱབ་ཀྱིས་ ད་ལྟོ་ གོ་རིམ་དང་འཁྲིལ་འབད་དོ་ཡོདཔ་ལས་ ཤུལ་ལས་འབད་དགོཔ་ཐོན་པའི་སྐབས་ དབྱེ་ཞིབ་འབདཝ་ད་ ཤེས་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment