གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་ཤོག་ལས་ཁང་༡ ཆ་མེད་དང་༡ ལོག་གནང་བ་བྱིན་ཡོདཔ།

༢༠/༥/༢༠༡༣   ༉ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱིས་ སྤྱི་ཟླ་༣ པའི་ནང་ལས་ བྷུ་ཊཱན་ཡུཐ་ཟེར་མི་ བདུན་རིམ་གསར་ཤོག་གི་ཆོག་ཐམ་ ཆ་མེད་བཏང་ཡོདཔ་ལས་ རྒྱལ་ཁབ་ནང་ གསར་ཤོག་གི་གྱངས་ཁ་ ཅིག་གིས་ མར་འབབ་སོང་ཡོདཔ་ཨིན་པས།


དེ་ཡང་ གསར་ཤོག་དེ་གིས་ ཆོག་ཐམ་གི་བཅའ་ཁྲིམས་དང་ ལམ་ལུགས་དང་མ་འཁྲིལ་མི་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ད་ གསར་ཤོག་དེ་ ཟླཝ་༡ མཚམས་འཇོག་འབད་བཞག་ཡོད་རུང་ གསར་ཤོག་དེ་གི་ཁ་ཐུག་ལས་ ལན་གསལ་ག་ནི་ཡང་ མ་ཐོབ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ ཆོག་ཐམ་ཆ་མེད་བཏང་ཡོདཔ་ད་ གསར་ཤོག་དེ་ སྤྱི་ལོ་༢༠༡༡ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱིས་ དང་ལེན་དེ་རྐྱངམ་གཅིག་མེན་པར་ དབང་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུད་ལས་ཁང་ཚུ་གིས་ མཚན་རྟགས་བཀོད་དེ་ ངོས་ལེན་འབད་མི་ ཆོག་ཐམ་གྱི་ཁྲིམས་ལུགས་ཀྱི་ དོན་ཚན་དག་པ་ཅིག་ལུ་ བསྒྱུར་བཅོས་ཚུ་ཡང་ འབད་ཡོདཔ་ཨིན་པས།
དབང་འཛིན་གྱིས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ བདུན་རིམ་གསར་ཤོག་ འབྲུག་དུས་ཚོད་དེ་ ཟླཝ་ཅིག་གི་རིང་ མཚམས་འཇོག་འབད་བཞག་རུང་ ལོག་འཕྲོ་མཐུད་ འབད་བཅུག་ཡོདཔ་ཨིན་པས།
མཚམས་འཇོག་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ གསར་ཤོག་དེ་གིས་ ཆོག་ཐམ་ནང་འཁོད་པའི་ བཅའ་ཁྲིམས་དང་ བརྒལ་བའི་ཁར་ གསར་ཤོག་དེ་གི་ རྒྱུན་སྐྱོང་སྐོར་ལས་ མ་བདེན་པའི་བརྡ་དོན་བྱིན་མི་ལུ་བརྟེན་ མཚམས་འཇོག་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༦ ལུ་བཏང་མི་ དབང་འཛིན་གྱི་ ཡིག་ཚང་བཀའ་རྒྱ་དང་འཁྲིལ་བ་ཅིན་ གསར་ཤོག་དེ་ མཚམས་འཇོག་འབད་མི་དེ་ ལོག་འགོ་བཙུགས་ཆོགཔ་སྦེ་ བཀོད་དེ་ཡོདཔ་ད་ དེ་ཡང་ གསར་ཤོག་དེ་གིས་ འཛོལ་བ་འབད་ཡོད་པའི་ བཟོད་གསོལ་གྱི་ཁྱབ་བསྒྲགས་འབད་ནི་གི་ ངོས་ལེན་འབད་མི་ལུ་བརྟེན་ཨིན་པས།
གསར་ཤོག་ཆོག་ཐམ་གྱི་བཅའ་ཁྲིམས་དང་འཁྲིལ་ རྩོམ་སྒྲིག་སྡེ་ཚན་ནང་ ཨ་རྟག་ར་ ཚུལ་ལྡན་གྱི་ལས་བྱེད་བཙུགས་ནི་དང་ ཡིག་ཚང་ ས་ཁོངས་གཞན་ཅིག་ནང་ སྤོ་དགོ་པའི་ཁར་ སྤྱི་ཟླ་༥ པའི་ཚེས་༣༡ གི་ནང་འཁོད་ལུ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཡང་ བསྐོ་བཞག་འབད་དགོ་ནི་ཨིན་པས།
འབྲུག་དུས་ཚོད་ཀྱིས་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་ལུ་ ཆོག་ཐམ་དང་འབྲེལ་བའི་ བཅའ་ཁྲིམས་ཚུ་ལས་ བརྒལ་བའི་ཁར་ སྤྱི་ལོ་༢༠༡༢ ལས་༢༠༡༣ ཚུན་ ཚུལ་ལྡན་གྱི་ ལས་བྱེདཔ་མེད་པར་ གསར་ཤོག་བཏོན་ཡོདཔ་སྦེ་ བཀོད་དགོ་ནི་ཨིན་པས།
གསར་ཤོག་དེ་གི་ཁྲི་འཛིན་ ཨམ་ཕུརཔ་བཟངམོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱབ་བསྒྲགས་ཀྱི་ཐོག་ལས་ མ་དངུལ་དུམ་གྲ་ཅིག་ལས་ ཐོབ་ནི་མེདཔ་ལས་ རྩོམ་སྒྲིག་ལས་ཁང་ནང་ ཉུང་ཤོས་མི་༡༠ འོང་དགོ་མི་དེ་གིས་ རྒྱུན་སྐྱོང་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
དབང་འཛིན་གྱིས་ གཞན་མི་གསར་ཤོག་༧ ལུ་ སྤྱི་ཟླ་༥ པའི་ ཟླ་མཇུག་ཚུན་ རྩོམ་སྒྲིག་ལས་ཁང་ནང་ ཉུང་ཤོས་མི་༡༠ འོང་དགོ་མི་ཚུ་ དུས་མཐུན་བཞག་དགོ་པའི་ ཞག་དུས་བྱིན་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༠ ལུ་ འབྲུག་ད་རིས་དང་ འབྲུག་གནས་ལུགས་ ཇོར་ན་ལིསི་ འབྲུག་གནས་ཚུལ་ འབྲུག་འོད་ཟེར་ རྒྱལ་སྤྱི་གསར་ཤོག་དང་ འབྲུག་མེ་ལོང་ཚུ་ལུ་ཡང་ ལས་བྱེདཔ་ཚང་དགོ་པའི་སྐོར་ལས་ ཡི་གུ་བཏང་ཡོདཔ་ཨིན་རུང་ དེ་དང་འཁྲིལ་མ་འབད་མི་ གནས་ཚུལ་ལས་ཁང་ཚུ་ལུ་ ཁྲིམས་ག་ཅི་བཀལ་ནི་ཨིན་ན་ ད་ལྟོ་ དབང་འཛིན་གྱིས་ གཏན་འཁེལ་མ་བཟོ་བར་ཡོདཔ་ཨིན་པས།
འབྲུག་ད་རིས་ཀྱི་རྩོམ་སྒྲིགཔ་ ཨེམ་བི་སུ་བྷ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དབང་འཛིན་གྱི་བཀའ་རྒྱ་དང་འཁྲིལ་ ལཱ་འབད་ཚུགས་རུང་ མ་དངུལ་གྱི་གནས་སྟངས་ལུ་ལྟ་སྟེ་ དབང་འཛིན་གྱིས་ མི་༡༠ ལས་ ཉུང་སུ་བཞག་ནི་གི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment