གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་ཆུང་སློབ་ཕྲུག་ཚུ་ལུ་ གཞི་རྟེན་ཕུཊ་བཱོལ་གྱི་སྦྱོང་བརྡར།

༡༦/༥/༢༠༡༣   ༉ ཁ་ཙ་ འབྲུག་རྐང་རིལ་ཚོགས་པ་གིས་ ཨེ་ཨེཕ་སི་ཟེར་མི་ ཨེ་ཤི་ཡན་ཕུཊ་བཱོལ་འགྲན་བསྡུར་གྱི་ རྐང་རིལ་གཞི་རྟེན་གི་ཉིནམ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
སློབ་ཕྲུག་ཨ་ལུ་ཚུ་ ཕུཊ་བཱོལ་གྱི་ རིག་རྩལ་སྦྱོང་བརྡར་འབད་བའི་བསྒང་།


ཉིནམ་དེ་ཡང་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་བརྒྱ་ལས་བཅད་མི་ཚུ་ལུ་ ཕུཊ་བཱོལ་རྩེད་བཅུག་ནི་དང་འབྲེལ་ རིག་རྩལ་གྱི་ སྦྱོང་བརྡར་བྱིན་ཐོག་ལས་ འབད་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པའི་ རྫོང་ཁག་རྐང་རིལ་འགོ་འདྲེན་པ་ ཌི་པེན་བཱསི་ནེཊི་གིས་ སླབ་མིའི་ནང་ ལས་རིམ་གྱི་སྐྐབས་ལུ་ སློབ་གྲྭའི་སློབ་ཕྲུག་ སྐྱེས་ལོ་༦ དང་༡༢ ཀྱི་བར་ན་འབད་མི་༡༢༠ གིས་ བཅའ་མར་གཏོགས་ཡོདཔ་ད་ དེ་སྦེ་ འགོ་འདྲེན་འཐབ་མི་དེ་ཡང་ རྐང་རིལ་དེ་ ན་གཞོན་ཚུ་ལུ་ སྤྲོ་བ་བསྐྱེད་བཅུག་སྟེ་ རྐང་རིལ་དེ་ ཡར་དྲག་གཏང་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
མ་གཞི་ རྐང་རིལ་གཞི་རྟེན་ལས་རིམ་དེ་ འདས་པའི་ལོ་ནང་ ཨེ་ཨེཕ་སི་གིས་ ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཚུ་ནང་ལས་ཕར་ འགོ་བཙུགས་ཡོདཔ་བཞིན་དུ་ ང་བཅས་རའི་རྒྱལ་ཁབ་ནང་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ནང་ལས་ ཤོ་མཚུངས་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།
འགོ་འདྲེན་པ་གིས་ སླབ་མིའི་ནང་ ད་ཚུན་ལུ་ རྫོང་ཁག་༩ ནང་ ལས་རིམ་དེ་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ རྩི་རང་རྫོང་ཁག་ནང་འབད་བ་ཅིན་ སློབ་གྲྭ་ཁག་༥ ནང་ འགོ་བཙུགས་ཡོད་རུང་ སང་ཕོད་ལས་ ཡར་དྲག་གཏང་ནིའི་འཆར་གཞི་ ཡོད་ཟེར་ཨིན་པས།
ལས་རིམ་དེ་ སློབ་གྲྭའི་རྩེད་རིགས་སློབ་སྟོན་པ་དང་ རྩེད་རིགས་འགོ་འདྲེན་འཐབ་མི་ སློབ་དཔོན་ཚུ་གིས་ རྒྱལ་སྤྱི་རྐང་རིལ་ཚོགས་པ་ ཕི་ཕ་གི་ ལམ་སྟོན་དང་འཁྲིལ་ཏེ་ སྦྱོང་བརྡར་བྱིན་དོ་ཡོད་རུང་ ཕུཊ་བཱོལ་གྱི་མཁོ་ཆས་ཚུ་ འབྲུག་རྐང་རིལ་ཚོགས་པ་གིས་ བྱིན་ཡོདཔ་ཨིན་པས།
དྲི་པེན་བཱསི་ནེཊི་གིས་ སླབ་མིའི་ནང་ ལས་རིམ་དེ་ སློབ་གྲྭ་ཚུ་ནང་ བདུན་ཕྲག་རེ་ནང་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་གི་རིང་ ཚར་༢ རེ་ འགོ་འདྲེན་འཐབ་ཡོདཔ་ད་ སྐྱེས་ལོ་༦ དང་༨ ཀྱི་བར་ན་འབད་མི་ ན་གཞོན་ཚུ་གི་དོན་ལུ་འབད་བ་ཅིན་ དུས་ཚོད་མང་ཤོས་ཅིག་ བཱོལ་ལག་ལེན་འཐབ་བཅུག་ཐོག་ལས་ སྤྲོ་བའི་ཐོག་ལས་ རྩེད་བཅུགཔ་ཨིན་རུང་ སྐྱེས་ལོ་༩ ཡན་ཆད་འབད་མི་ཚུ་ལུ་ གཞི་རྟེན་རིག་རྩལ་དང་ རྩེད་འགྲན་ཚུ་ ཚུལ་མཐུན་སྦེ་ རྩེ་ནིའི་དོན་ལུ་ གོམས་འདྲིས་ཚུད་བཅུགཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment