གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གནས་ཀྱི་ མི་སེར་ཚུ་གིས་མ་ཚད་ གནས་སྐོརཔ་ཚུ་ལུ་ཡང་ ཕན་ཐོགས་བྱུང་ནི།

༡༦/༥/༢༠༡༣   ༉ ད་ལྟོ་ཚུན་ མོང་སྒར་རྫོང་ཁག་ ཤེ་རི་མུ་ཧུང་རྒེད་འོག་ ཡ་རབ་གཡུས་ཚན་གྱི་ མི་སེར་ཚུ་ འཕྲལ་འཕྲལ་སྦེ་ར་ སེམས་ཁ་ཚ་གྱང་ཕོག་དགོ་མི་དེ་ཡང་ འགྲོ་འགྲུལ་འབད་བའི་སྐབས་ལུ་ ས་གནས་ཁ་དྲག་ཟེར་ས་ སྤྲིངས་ཟམ་རྙིངམ་ཐལ་མི་དེ་ ལོག་གསར་སྒྲུབ་འབད་མ་ཚུགས་མི་ལུ་བརྟེན་ཨིན་པས།
ལག་ལེན་གྱི་དོན་ལུ་ གྲ་གྲིགས་སོང་མི་ སྤྲིངས་ཟམ།


ཨིན་རུང་ འདས་པའི་བདུན་ཕྲག་ནང་ སྤྲིངས་ཟམ་གསརཔ་བསྒྲུབས་མི་ལུ་བརྟེན་ ད་ལས་ཕར་མི་སེར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ ཚ་གྱང་ལང་དགོཔ་མེདཔ་མ་ཚད་ ཟམ་དེ་གིས་ ཡོངས་གྲགས་ཅན་གྱི་ ཨ་བརྒྱ་གནས་ལུ་འགྱོ་མི་ གནས་སྐོརཔ་ཚུ་ལུ་ཡང་ ཕན་ཐོགས་སྦོམ་ར་ འབྱུང་ནི་ཨིནམ་ལས་ དུས་ཅི་ ཟམ་གསརཔ་བསྒྲུབས་ཚུགས་མི་ལུ་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
ཨ་ལུ་༤ གི་ཨ་པ་ སྐྱེས་ལོ་༥༡ ལང་མི་ ཤེས་རབ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ གཡུས་ཚན་གྱི་མི་སེར་ཚུ་ ད་ལས་ཕར་ འགྲོ་འགྲུལ་འབད་ནི་ལུ་  དཀའ་ངལ་དང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་རའི་བུ་ཆུང་ཤོས་དེ་ ཡ་ལྡི་ འབྲིང་རིམ་སློབ་གྲྭ་གོང་མའི་ནང་ དཔེ་ཆ་ལྷབ་པའི་བསྒང་ཡོདཔ་ལས་ གཡུས་ཁ་འོང་བའི་སྐབས་ལུ་ སེམས་ཁར་ཚ་གྱང་ལང་དགོཔ་ཐོན་དོ་ཡོདཔ་ལས་ ཚ་གྱང་ལང་སྟེ་ར་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།
གཡུས་མི་སྐལ་བཟང་གིས་ སླབ་མིའི་ནང་ ཁོང་རའི་ཨ་ལུ་ཚུ་ སློབ་གྲྭ་ནང་འགྱོ་བའི་སྐབས་ལུ་དང་ ལོག་འོང་བའི་སྐབས་ལུ་ དུས་རྒྱུན་ར་ ཕམ་ཚུ་ལེན་པར་འགྱོ་དགོཔ་ལས་ ད་ལས་ཕར་ ཁོང་ར་གིས་འོང་ཚུགས་ནི་ཨིན་མི་ལུ་བརྟེན་ སྟབས་བདེ་ཏོག་ཏོ་ སོང་ཡི་ཟེར་ཨིན་པས།
ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༤ དེ་ཅིག་བཏང་སྟེ་ རིང་ཚད་མི་ཊར་༧༣ འབད་མི་ སྤྲིངས་ཟམ་དེ་ རྐྱབ་ནི་འགོ་བཙུགས་ཏེ་ ཟླཝ་༤ དེ་ཅིག་གི་ནང་འཁོད་ལུ་ བསྒྲུབས་ཚུགས་ཡོདཔ་ད་ ཟམ་དེ་ མོང་སྒར་རྫོང་ཁག་གི་ བཟོ་རིག་འགོ་དཔོན་དང་ འཕྲུལ་རིག་པ་ཚུ་གིས་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ ཟམ་གསརཔ་གི་ འགོ་འབྱེད་དེ་ཡང་ འདས་པའི་བདུན་ཕྲག་ནང་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ འབད་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་གི་ བཟོ་རིག་ལས་རོགསའགོ་དཔོན་ པཱར་སུ་རམ་ རཱ་ཡེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ དེ་བཟུམ་གྱི་ལས་རིམ་ནང་ བཟོ་རིག་པ་ཚུ་གིས་ བཅའ་མར་གཏོགས་མི་དེ་ཡང་ ལྷན་ཁག་གི་ཁ་ཐུག་ལས་ ཟམ་བཟོ་སྐྲུན་གྱི་དོན་ལུ་ ས་ཁོངས་བརྟག་དཔྱད་ཀྱི་ལཱ་ཚུ་ བཟོ་རིག་པ་དང་ འཕྲུལ་ལསཔ་ཚུ་གིས་ འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཟམ་བཟོ་སྐྲུན་ནང་ མོང་སྒར་རྫོང་ཁག་གི་བཟོ་རིག་པ་དང་ འཕྲུལ་ལསཔ་༡༧ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ལས་ ཁོང་བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཟམ་བཟོ་སྐྲུན་ནང་ ལག་སྦྱོང་གི་ཐོག་ལས་ བཅའ་མར་གཏོགས་ཚུགས་ནི་དེ་གིས་ ད་ལས་ཕར་ དེ་བཟུམ་གྱི་ ཟམ་རྐྱབ་ནི་ལུ་ ཕན་ཐོགས་ཚུགས་ནི་མས་ཟེར་ཨིན་པས།
ཤེ་རི་མུ་ཧུང་དམངས་མི་གིས་ སླབ་མིའི་ནང་ ཨ་བརྒྱ་གནས་དེ་ ཡོངས་གྲགས་ཅན་ཅིག་དང་ བྱིན་བརླབས་ཅན་ཅིག་ཨིནམ་ལས་ ད་ལས་ཕར་ ཧེང་སྐལ་ར་ ཡོངས་གྲགས་ཅན་ལུ་ འགྱུར་ཚུགས་ནི་ཨིན་པས།
དེ་ཡང་ འཁོར་ལམ་གྱི་ཞབས་ཏོག་དེ་ སྦོ་མི་བྲང་ཚུན་ལྷོད་ཡོདཔ་ད་ ཡ་རབ་ལས་ ཨ་བརྒྱ་གནས་ལུ་ དུས་ཡུན་ཆུ་ཚོད་༦ དང་༧ གྱི་རིང་ འགོརཝ་ཨིན་ཟེར་ཨིནམ་ད་ མི་སེར་ཚུ་གི་ རེ་བ་ལས་འབད་རུང་ ད་ལས་ཕར་ ནང་འཁོད་གནམ་གྲུ་གི་ ཞབས་ཏོག་ལུ་བརྟེན་ གནས་སྐོརཔ་བརྒྱ་ལས་བཅད་དེ་ འོང་ནིའི་རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment