གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ སྲིད་ཚོགས་ཀྱི་ཡིག་ཚང་ཚུ་གིས་ ལཱ་འབད་ནི་འགོ་བཙུགས་ཡོདཔ།

༠༢/༠༥/༢༠༡༣  ༉ འབྲུག་སྤྱིར་དབང་ཚོགས་པ་གིས་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ གསར་སྤང་རྫོང་ཁག་གི་ འགོ་འདྲེན་པའི་ཡིག་ཚང་དེ་ དགེ་ལེགས་ཕུག་ལུ་སྦེ་ སྒོ་འབྱེད་འབད་ཡི།
ཡིག་ཚང་དེ་ སྒོ་འབྱེད་འབད་ཚར་བའི་ཤུལ་ལུ་ ཁྲོམ་ཁ་ལས་ ཚོགས་པ་ལུ་ དང་འདོད་བསྐྱེད་མི་ དག་པ་ཅིག་ཐོན་ཡོད་རུང་ མི་ཕུད་རྡོག་གཅིག་ལས་བརྒལ་ མ་ཐོནམ་ཨིན་པས།



ཡིག་ཚང་དེ་ཡང་ འདས་པའི་བདུན་ཕྲག་༢ ལྷགཔ་ཅིག་གི་ཧེ་མར་ གསར་སྤང་རྫོང་ཁག་འོག་གི་ རྒེད་འོག་༡༢ ནང་ལས་ རྒེད་འོག་འདེམས་ཁོངས་འགོ་འདྲེན་པ་ཚུ་དང་ ཁྲོམ་སྡེའི་འགོ་འདྲེན་པ་བསྡོམས་༡༣ དང་ རྒྱབ་སྐྱོར་བ་ཚུ་བསྡོམས་༢༡ གིས་ ཚོགས་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཡིག་ཚང་ཕྱེས་ཡོདཔ་ཨིན་པས།
གསེར་གཤོང་རྒེད་འོག་འགོ་འདྲེན་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་རྒེད་འོག་ནང་ ཚོགས་པའི་ཐོ་བཀོད་ཅན་གྱི་འཐུས་མི་༦༦ ཡོདཔ་ད་ རྫོང་ཁག་འོག་ལུ་ སྤྱི་འོག་༦༦ ཡོད་པའི་གྲས་ལས་༣༠ ནང་ སྤྱི་འོག་འགོ་འདྲེན་པ་ཚུ་ བསྐོ་བཞག་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་གིས་ཡང་ འདས་པའི་བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ དགེ་ལེགས་ཕུག་ལུ་ རྫོང་ཁག་འགོ་འདྲེན་པའི་ཡིག་ཚང་ སྒོ་འབྱེད་འབད་ཡོདཔ་ཨིན་པས།
ཚོགས་པ་གིས་ རྫོང་ཁག་འགོ་འདྲེན་པའི་ཡིག་ཚང་དང་ ན་གཞོན་འགོ་འདྲེན་པ་ དེ་ལས་ ཡིག་ཚང་ལས་རོགསཔ་ཚུ་ཡོདཔ་ཨིན་པས།
ཚོགས་པའི་ཡིག་ཚང་དེ་ སྒོ་འབྱེད་འབད་ཚར་བའི་ཤུལ་ལས་ ཚོགས་པའི་ཁྲི་འཛིན་དང་ ལས་བྱེདཔ་ཚུ་གིས་ དགེ་ལེགས་ཕུག་གི་ ཉེ་འདབས་ལུ་ཡོད་པའི་ རྒེད་འོག་༦ ནང་ བཤལ་སོང་ཞིནམ་ལས་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་སྟེ་ ཚོགས་པའི་སྐོར་ལས་ ངོ་སྤྲོད་དང་ ཡིག་ཚང་གི་ལས་བྱེདཔ་ དེ་ལས་ འདེམས་ངོ་ཚུ་གི་སྐོར་ལས་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
ཚོགས་པའི་ན་གཞོན་འགོ་འདྲེན་པ་ བིཤ་ནུ་ནེ་པཱལ་གྱིས་ སླབ་མིའི་ནང་ ཚོགས་པའི་ལྟ་བ་གཙོ་བོ་ཅིག་ ན་གཞོན་དང་འབྲེལ་བའི་ གནད་དོན་ལུ་ གཙོ་བོར་བཏོན་ནི་དེ་ཨིནམ་བཞིན་དུ་ གཙོ་བོ་ཁྲོམ་གྱི་ས་ཁོངས་ཚུ་ནང་ ན་གཞོན་ཚུ་དང་ཕྱད་དེ་ ཚོགས་པའི་སྐོར་ལས་ ཡོན་ཏན་སྤེལ་དོ་ཟེར་ཨིནམ་ད་ དེ་སྦེ་འབད་མི་དེ་ཡང་ ན་གཞོན་ཚུ་གིས་ མགྱོགས་པར་ཧ་གོ་ཞིནམ་ལས་ གོ་བརྡ་ཚུ་ སྤྲོད་ཚུགས་ནི་དེ་གིས་ཨིན་ཟེར་ཨིན་པས།
ད་རུང་ འབྲུག་མཉམ་རུབ་ཚོགས་པའི་ ཡིག་ཚང་ཅིག་ གསར་སྤང་ལུ་ཡང་ སྒོ་ཕྱེས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོའི་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཀྱི་ཡིག་ཚང་ཚུ་ ཧེ་མ་ལས་ གཞི་བཙུགས་ཡོད་རུང་ བུ་ཊཱན་ཀུན་མཉམ་པར་ཊི་གི་ ཡིག་ཚང་དེ་ ད་ལྟོ་ཡང་ སྒོ་མ་ཕྱེ་བར་ ཡོདཔ་ཨིན་པའི་གནས་ཚུལ།

             དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment