གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ཕོ་སྐྱེས་ཀྱི་རོ་ཅིག་ རོ་ཁྱི་ཚུ་གིས་བཟའ་ཡོདཔ།

༡༣/༥/༢༠༡༣   ༉ ཉིནམ་༢ དེ་གཅིག་གི་ཧེ་མར་ ཧཱ་རྫོང་ཁག་ དབུས་སུ་རྒེད་འོག་ སྐྱིདཔ་རི་ གཡུས་ཚན་ལས་ སྐྱེས་ལོ་༤༡ ལང་མི་ ཕོ་སྐྱེས་༡ ཧཱ་ཆུ་གི་ འགྲམ་ལུ་ཤི་ཡོད་པའི་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
ས་གནས་ནང་གི་ མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ དབུས་སུ་རྒེད་འོག་ལས་ ལྕང་ལ་ རྡོ་རྗེ་ཟེར་མི་དེ་ ཨིན་མས་ཟེར་ཨིན་པས།



དབུས་སུ་གི་ མི་ཚུ་གིས་ དོགས་པ་བཀོད་མི་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ རོ་ཁྱི་གིས་ བསད་བསདཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ས་གནས་ཀྱི་མི་ཅིག་གིས་ སླབ་མིའི་ནང་ དབུས་སུ་རྒེད་འོག་ནང་ རོ་ཁྱི་གིས་ མི་ལུ་གནོདཔ་བཀལ་བའི་ དཀའ་ངལ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ རོ་ཁྱི་ལས་ ཉེན་སྲུང་གི་དོན་ལུ་ འགོ་ཁྲིདཔ་ཚུ་གིས་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ ཟླ་མཇུག་ཁམས་ཅིག་ཁར་ ཚྭ་འཕེལ་གཡུས་ཚན་ནང་ལས་ ཨཔ་༡ ཡང་ ནོར་ལྟ་བར་འགྱོཝ་ད་ ཁྱིམ་ཚང་གི་ ནོར་ཅིག་ རོ་ཁྱི་གིས་བསད་དེ་ ཤ་བཟའ་སྡོད་སར་མཐོང་པའི་ཤུལ་ལུ་ ཁོ་གིས་ རོ་ཁྱི་ཚུ་ བདའ་བའི་སྐབས་  རོ་ཁྱི་སྡེ་ཚན་ཅིག་གིས་ ཁོ་གི་རྒྱབ་ལས་འོང་ཞིནམ་ལས་ སོ་བཏབ་སྟེ་ གཟུགས་ཁར་ རྨ་ལེ་ཤ་བཏོན་ཡོདཔ་ཨིན་པས།
ཧཱ་ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ ཚེ་འདས་ཀྱི་ གཟུགས་ཕྱེད་ཀ་དེ་ཅིག་ རོ་ཁྱི་གིས་ བཟའ་ཚར་ཏེ་ཡོདཔ་ཨིན་རུང་ ཁོ་ར་ རོ་ཁྱི་གིས་ བསད་བསདཔ་ཨིན་ཟེར་བའི་ སྒྲུབ་བྱེད་ཅིག་ དངོས་མཐོང་སྦེ་ ག་གིས་ཡང་ བཀོད་མི་ མིན་འདུག་ཟེར་སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཚེ་འདས་ཀྱི་གཟུགས་དེ་ ཆུའི་མཐའམ་ལས་ མི་ཊར་༡ དེ་ཅིག་ འདྲུད་བདའ་བའི་ཤུལ་ འདུག་ཟེར་ཨིན་པས།
གཟུགས་ཀྱི་ཡན་ལག་མང་ཤོས་ཅིག་ ཚངམ་སྦེ་མེདཔ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ ག་ཅི་ལུ་བརྟེན་ཏེ་ ཤི་ཤིཝ་ཨིན་ན་ གཏན་འཁེལ་སྦེ་ སླབ་མི་ཚུགས་པས་ཟེར་ཨིན་པས།
བཟང་ཚང་གིས་འབད་བ་ཅིན་ ཚེ་འདས་དེ་ བདུན་ཕྲག་༡ གི་ཧེ་མར་ བྱང་སྟོར་ཤོར་ཡོདཔ་ཨིན་རུང་ ཕོ་སྐྱེས་དེ་ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ ཚེ་འདས་ཀྱི་ བཟང་ཚང་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ མ་འབདཝ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment