གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ ཕོ་མོ་དང་ ན་གཞོན་ཚུ་ལུ་ གཙོ་བོར་གཏོན་ནི།

༡༥/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པ་གིས་ ག་དེམ་ཅིག་སྦེ་ བཙག་འཐུ་འགྲུབ་སྟེ་ གཞུང་སྐྱོང་ནི་གི་ གོ་སྐབས་འཐོབ་པ་ཅིན་ ཕོ་མོ་དང་ ན་གཞོན་དང་འབྲེལ་བའི་ གནད་དོན་ཚུ་ལུ་ གཙོ་བོར་གཏོན་ནི་དང་ མི་སྡེ་གོང་འཕེལ་ལྷན་ཁག་ཅིག་ ལོགས་སུ་སྦེ་ བཟོ་ནི་ཨིན་པས།


དེ་མ་ཚད་ རིག་རྩལ་སྦྱོང་བརྡར་སྤེལ་ཁང་ཡར་སེང་འབད་ནི་དང་ ལཱ་གི་མཁོ་མངགས་དང་འཁྲིལ་ཏེ་ ཁྱད་རིག་ཅན་གྱི་ ལཱ་གཡོག་གཙུག་སྡེ་ གཞི་བཙུགས་ཐོག་ རིག་རྩལ་ཡར་རྒྱས་གཏང་ཨིནམ་ད་ སྒེར་སྡེ་ཚུ་ནང་ ཐོབ་ཁུངས་ཡར་སེང་དང་ ངལ་གསོ་ཐོབ་ཐངས་ཚུ་ ལེགས་ཤོམ་བཟོ་ཞིནམ་ལས་ ན་གཞོན་ཚུ་ སྒེར་སྡེ་ནང་ ལཱ་འབད་མི་ ཡར་སེང་རྐྱབ་ནི་ཨིན་པས།
ཚོགས་པ་གིས་ རྒྱལ་ཡོངས་ཤེས་རིག་སྲིད་བྱུས་ཅིག་ བརྩམ་ནི་ཨིནམ་ལས་ དེ་གིས་ ན་གཞོན་ཚུ་གི་ གཡོག་གི་གོ་སྐབས་དང་འཁྲིལ་ཏེ་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་ འབྲེལ་ཡོད་ཆོས་ཚན་འཐོབ་ཚུགས་ནི་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ནང་ སྒེར་གྱི་སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ དེ་ལས་ སྤེལ་ཁང་ལེ་ཤ་གཞི་བཙུགས་འབད་ནི་གི་ གོ་སྐབས་སྦོམ་ཡོད་ཟེར་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་བཀོད་ནུག།
མཐའ་ཟུར་གྱི་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ ཉལ་ས་དང་ ལྟོ་ཐོབ་བཟོ་ནི་ཨིནམ་ད་ སློབ་དཔོན་ཚུ་གི་དོན་ལུ་འབད་བ་ཅིན་ ལཱ་གི་གྲུབ་འབྲས་དང་འཁྲིལ་ཏེ་ ཐོབ་ཁུངས་དང་ གོ་གནས་ཡར་སེང་བྱིན་ནི་ཨིན་པས།
ཚོགས་པ་གིས་ ཨམ་སྲུ་ལུ་ དབང་ཆ་བྱིན་ནི་དང་ ལཱ་གཡོག་ག་ཅི་ནང་ར་ཨིན་རུང་ ཨམ་སྲུ་ཚུ་གི་འབྲེལ་གཏོགས་ ཡར་སེང་འབད་ནི་ དེ་ལས་ ལཱ་གཡོག་འབད་མི་ ཨ་པ་ཚུ་ལུ་ ཨམ་སྲུ་ཨ་ལུ་སྐྱེས་བའི་སྐབས་ ངལ་གསོ་ཡར་སེང་འབད་ནི་ཨིན་པས།
དཔལ་འབྱོར་གྱི་ཐད་ལུ་ ཚོགས་པ་གིས་ རྒྱལ་ཁབ་ནང་ དཔལ་འབྱོར་ཤུགས་ཅན་དང་ རང་མགོ་རང་འདྲོངས་བཟོ་ནིའི་ནང་ གཙོ་བོར་བཏོན་ནི་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ བུ་ལོན་དང་ རུ་པི་མ་ལང་པའི་དཀའ་ངལ་ བསལ་ཐབས་ལུ་ རྒྱན་ཤོག་ལོག་འགོ་བཙུགས་ནི་དང་ བཟོ་གྲྭ་འཕྲུལ་ཁང་རྒྱ་བསྐྱེད་ཐོག་ ཕྱིར་ཚོང་ཡར་སེང་རྐྱབ་ནི་ རྒྱ་གར་གྱི་ ལྟ་བཤལཔ་༢༠༠,༠༠༠ དེ་ཅིག་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ འོང་བཅུག་ནི་ཨིན་པས།
མི་སྡེ་དཔལ་འབྱོར་གོང་འཕེལ་འདྲ་མཉམ་སྦེ་ གཏང་ཐབས་ལུ་ རྫོང་ཁག་༢༠ ཀྱི་ དགོས་མཁོ་དང་འཁྲིལ་ རྫོང་ཁག་རེ་ནང་ འཆར་དངུལ་ཚུ་ བགོ་བཀྲམ་འབད་ནི་ཨིནམ་ད་ ཐོབ་ཁུངས་ཀྱི་ཁྱད་པར་ མི་འཐོན་ནིའི་དོན་ལུ་ ཁྲལ་གྱི་སྲིད་བྱུས་ བསྐྱར་ཞིབ་འབད་ནི་དང་ འོང་འབབ་ཀྱི་ཁྲལ་ཚུ་ འོས་འབབ་དང་ལྡནམ་སྦེ་ བཀལ་ནི་ཨིན་པས།
དེ་ལས་ མཐའ་ཟུར་གྱི་ གཡུས་སྒོ་དང་ རྫོང་ཁག་ཚུ་ནང་ དེང་སང་གི་ མཐུན་རྐྱེན་བཀྲམ་སྤེལ་འབད་ནི་དང་ མི་མང་སྐྱེལ་འདྲེན་ཞབས་ཏོག་བཙུགས་ནི་ བཟོ་གྲྭ་ཆུང་བ་ཚུ་ གཞི་བཙུགས་འབད་དེ་ མཐའ་ཟུར་ལུ་ དགའ་སྐྱིད་ཡོདཔ་བཟོ་ནི་ཟེར་ ཚོགས་པའི་ཁས་བླངས་ནང་ གསལ་བཀོད་འབད་ནུག།
གསོ་བའི་དོན་ལུ་ ཞིབ་འཚོལ་དང་ ཚན་རིག་ དེ་ལས་ འཕྲུལ་རིག་ཚུ་ནང་ ཟད་འགྲོ་གཏང་ནི་ཨིནམ་ད་ རྒྱལ་ཡོངས་ཐབས་ཅིག་ བརྩམ་ཐོག་ལས་ རྒྱལ་ཁབ་ཀྱི་ ལུང་ཕྱོགས་སྨན་ཁང་ཚུ་ནང་  འབུ་ནད་མིན་པའི་ ནད་གཞི་དང་ ནད་གཞི་ཀེན་སར་ སྨན་བཅོས་འབད་ནིའི་ཞབས་ཏོག་ དེ་ལས་ མཁལ་རྡོག་གི་ ནད་ཐོབ་ཡོད་མི་ཚུ་གི་ ཁྲག་སེལ་ཞབས་ཏོག་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
ཆོས་སྡེའི་དོན་ལུ་ མི་སྡེ་ཉེན་སྲུང་ དཔེར་ན་ དགོངས་ཞུའི་ཐོབ་ལམ་དང་ ལོ་ན་རྒས་མི་ཚུ་ལུ་ ཚེ་སྲོག་ཉེན་བཅོལ་འབད་ནི་གི་ ཐབས་ལམ་ཚུ་ བཏོན་ནི་ཨིན་པས།
རྒྱལ་ཁབ་ཀྱི་ ལམ་ལུགས་སྲོལ་ ཉམས་སྲུང་འབད་ནིའི་དོན་ལུ་ ཚོགས་པ་གིས་ ཁས་བླངས་འབད་མིའི་ནང་ ནང་རིག་ཁྱད་ཆོས་ཀྱི་ མ་དངུལ་ཟེར་ ལོ་ལྔའི་དོན་ལུ་ བགོ་བཀྲམ་ཐོག་ འབྲེལ་ཡོད་ལས་རིམ་ཚུ་ བཟོ་ནི་ཨིན་པས།
དེ་ལས་ ཚོགས་པའི་དམིགས་གཏད་༡ འབྲུག་རྒྱལ་ཁབ་ཀྱི་ ཚོད་བསྲེ་ཚུ་ བརྒྱ་ཆ་༡༠༠ རྫས་སྦྱོར་ག་ནི་ཡང་ ལག་ལེན་མེད་པར་ རང་བཞིན་ཐོག་ སྐྱེ་བཅུག་ཐོག་ལས་ ཚོད་བསྲེའི་རིགས་དང་ འབྲས་བུ་གཞན་ཚུ་ རྒྱལ་ཁབ་ཀྱི་ཕྱི་ཁར་ ཕྱིར་ཚོང་འཐབ་ཚུགསཔ་བཟོ་ནི་དེ་ཨིན་པས།
གཞན་ཡང་ ཚོགས་པ་གིས་ བརྡ་དོན་འཕྲུལ་རིག་དང་ སོ་ནམ་ བཟོ་གྲྭ་ སྐྱེལ་འདྲེན་ དེ་ལས་ ལྟ་བཤལ་ནང་ གཙོ་བོར་ བཏོན་ནི་ཨིན་པས།
ཕྱི་འབྲེལ་མཐུན་ལམ་གྱི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་ནང་ ཕྱག་ཞུ་མི་ཚུ་ལུ་ འགན་འཁྲི་འབག་ནི་གི་ ལྕོགས་གྲུབ་ཡོད་མེད་དབྱེ་དཔྱད་འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment