གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་གྱི་ཐོབ་ལམ་ལུ་ ཤུགས་གཏོན་ནི།

༡༣/༥/༢༠༡༣   ༉ དོན་ཚན་༧ ལུ་ ཁག་དབྱེ་སྟེ་ཡོད་མི་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ སྲིད་ཚོགས་དེ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ མི་སེར་དང་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ནང་ མི་སེར་ཐོབ་ལམ་བཅའ་ཁྲིམས་ཟེར་མི་ ཁྲིམས་གསརཔ་ཅིག་ བཟོ་ནི་ཨིན་པས།


བཅའ་ཁྲིམས་དེ་གིས་ མི་སེར་ཚུ་ལུ་ དཔལ་འབྱོར་དང་ མི་སྡེ་ དེ་ལས་ སྲིད་དོན་གྱི་དབང་ཚད་ཚུ་ བྱིན་ཚུགས་ནི་ཨིནམ་མ་ཚད་ དེ་ལུ་བརྟེན་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ རང་བཞིན་རྒྱུ་དངོས་ཚུ་ དྭངས་གསལ་དང་ འདྲ་མཉམ་ཐོག་ལས་ མི་སེར་ག་ར་ལུ་ བགོ་བཀྲམ་འབད་དེ་ འཐོབ་ཚུགས་པའི་ ཐབས་ལམ་ཅིག་ལུ་ འགྱུར་ཚུགས་ཟེར་ཨིན་པས།
དོན་ཚན་༧ འབད་མི་ ཁས་བླངས་ཚུ་ཡང་ དམངས་གཙོའི་ལམ་ལུགས་ སྒྲིང་སྒྲིང་བཟོ་ནི་དང་ མི་སྡེ་བདག་འཛིན་འཐབ་ནི་ དཔལ་འབྱོལ་རྩ་བརྟན་བཟོ་ནི་ རྩེ་གདུང་ཅན་གྱི་གཞུང་ འཛམ་གླིང་ནང་ དོ་འགྲན་ཅན་བཟོ་ནིའི་དོན་ལུ་ ཤེས་ཡོན་ ན་གཞོན་གྱི་ལྕོགས་གྲུབ་ ལག་ལེན་འཐབ་ནི་ དེ་ལས་ གཞི་རྟེན་མི་མང་ཞབས་ཏོག་ཚུ་ཨིན་པས།
སྲིད་ཚོགས་ཀྱིས་ འབྲུག་མི་ཕུད་རྡོག་གཅིག་ཡང་ སྣང་མེད་སྦེ་ བཀོ་བཞག་ནི་མི་འོང་ཟེར་མི་ལུ་ ཡིད་ཆེས་བསྐྱེདཔ་ཨིན་པས།
གཞི་རྟེན་མཁོ་ཆས་ཚུ་མེད་པའི་ཁར་ དབུས་ཕོངས་ཀྱི་དཀའ་ངལ་ སྦོམ་ཡོད་པའི་ ས་གནས་གཞུང་ཚུ་ནང་ འཆར་དངུལ་ཚུ་ ཐེབས་འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ རྒྱུ་དངོས་བགོ་བཀྲམ་འཆར་བཀོད་ཚུ་ཡང་ བསྐྱར་ཞིབ་འབད་ནི་གིས་མ་ཚད་ དབུལ་ཕོངས་ཀྱི་དཀའ་ངལ་ མཐོ་དྲགས་སྦེ་ ཡོད་པའི་ས་ཁོངས་ཚུ་ནང་ གོང་འཕེལ་ལས་འགུལ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཁས་བླངས་གསལ་བསྒྲགས་དང་འཁྲིལཝ་ད་ འོང་འབབ་ཀྱི་ཁྲལ་ཕོག་ནིའི་ ཚད་གཞི་དེ་ཡང་ ལོ་བསྟར་འོང་འབབ་དངུལ་ཀྲམ་འབུམ་༢ ལུ་ ཡར་སེང་འབད་ནི་དང་ ཞི་གཡོགཔ་ཚུ་གི་ སྡོད་གླ་དང་ ཉིན་འཐུས་ དེ་ལས་ སྣུམ་འཁོར་གྱི་ གླ་འཐུས་ཚུ་ཡང་ ཡར་སེང་འབད་ནིའི་དོན་ལུ་ ཞིབ་འཚོལ་མཐིལ་ཕྱིན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ གཞི་རྟེན་མཁོ་ཆས་ཚུ་གི་ གོང་ཚད་ཚུ་ ཡར་སེང་འགྱོ་མི་དང་འཁྲིལ་ འོང་འབབ་ཆུང་བའི་ ཞི་གཡོགཔ་སྡེ་རིམ་ཚུ་གི་ ཉིན་བསྟར་གླ་འཐུས་ཚུ་ཡང་ ཡར་སེང་འབད་ནི་དང་གཅིག་ཁར་ ཁྱིམ་གྱི་བདག་དབང་ལམ་ལུགས་དང་ ཁང་གླའི་བཅའ་ཁྲིམས་ཚུ་ བསྐྱར་ཞིབ་འབད་དེ་ ད་རེས་བ་དྲགཔ་སྦེ་ ལག་ལེན་འཐབ་ཚུགཔ་ བཟོ་ནིའི་ཁས་བླངས་འབདཝ་ཨིན་པས།
སྲིད་ཚོགས་ཀྱི་ ཁས་བླངས་གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་ཚུ་ལུ་ ཤེས་ཡོན་གྱི་གོ་སྐབས་ཚུ་ རྒྱ་བསྐྱེད་དང་ འོང་འབབ་བཟོ་ནིའི་ ལམ་ལུགས་གཞི་བཙུགས་ དེ་ལས་ ཁྲིམས་མཐུན་བྲན་གཡོག་གི་དོན་ལུ་ ཐབས་ལམ་ཚུ་བཏོན་ཐོག་ལས་ ཨམ་སྲུ་ཚུ་ དཔལ་འབྱོར་འོང་འབབ་དང་ལྡནམ་ བཟོ་ནི་ཨིན་པས།
རྒྱལ་ཁབ་ཀྱི་ ཆགས་ཚུལ་དང་འཁྲིལ་ རྒྱལ་ཡོངས་ཀྱི་ཉེན་སྲུང་དང་ རང་དབང་རང་བཙན་ཚུ་ བདག་འཛིན་འཐབ་ནི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ རང་དབང་ཚུ་ རྩ་བརྟན་བཟོ་ཐབས་ལུ་ ཕྱི་འབྲེལ་མཐུན་ལམ་ཚུ་ གོང་འཕེལ་གཏང་ནི་ དམིགས་བསལ་དུ་ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་དེ་ ཉམས་མེད་བཞག་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།
གཞུང་ལུ་ཕྱག་ཞུ་མི་ གནས་རིམ་ཚུ་ནང་ དྭངས་གསལ་དང་ འགན་འཁྲི་ཅན་བཟོ་ཐབས་ཀྱི་ བརྡ་དོན་བདག་དབང་དཔྱད་ཡིག་ཚུ་ འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ མི་སེར་ཚུ་གིས་ རང་སོའི་ ཚོགས་རྒྱན་གྱི་བདག་དབང་ཚུ་ དཀའ་ངལ་ག་ཅི་ཡང་མེད་པར་ ལག་ལེན་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ བྱ་སྟབས་བདེ་ཏོག་ཏོ་དང་ འཇམ་ཏོང་ཏོ་འབད་བའི་ ལམ་ལུགས་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
ཁས་བླངས་ནང་ རྒྱལ་ཁབ་ཀྱི་ལམ་སྲོལ་ཚུ་ བདག་འཛིན་འཐབ་ནི་དང་ རྫོང་ཁའི་ གཞུང་སྐད་དང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ཆོས་ལུགས་མ་འདྲཝ་ཚུ་ལུ་ གུས་བཀུར་འབད་ནི་ཨིན་ཟེར་ བཀོད་དེ་འདུག།
མི་རྒན་ཤོས་ཚུ་ལུ་ དགོངས་ཞུའི་ཟུར་ཕོགས་ དུམ་གྲ་རེ་སྤྲོད་པའི་ཁར་ མི་མང་སྐྱེལ་འདྲེན་ཞབས་ཏོག་དང་ གསོ་བའི་ཞབས་ཏོག་ དེ་ལས་ ཆོས་འབད་དེ་སྡོད་ནིའི་ ལས་སྣ་ཚུ་གི་དོན་ལུ་ ཁྲལ་མར་ཕབ་ཀྱི་ལམ་ལུགས་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ རྒན་ཤོས་ཚུ་ལུ་ མི་སྡེའི་ཉེན་སྲུང་ཚུ་ སྤྲོད་ནི་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ལུ་ གྲོས་སྟོན་འབད་མི་ མཁས་མཆོག་སྡེ་ཚན་ཚུ་ཡང་ གཞི་བཙུགས་འབད་ནི་དང་ ལྟ་བཤལ་གོང་འཕེལ་ཚུ་གི་དོན་ལུ་ ཐབས་ལམ་ཚུ་ བཏོན་ནི་ཨིནམ་སྦེ་ ཁས་བླངས་དོན་ཚན་༧ ནང་ བཀོད་དེ་འདུག།
ཤེས་རིག་ལམ་ལུགས་ བསྐྱར་ཞིབ་འབད་ནི་དང་ ཤེས་རིག་གི་སྤུས་ཚད་ དེ་ལས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ སྒེར་གྱི་སློབ་གྲྭ་ཚུ་ གཞི་བཙུགས་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
དེ་བཟུམ་སྦེ་ ཆུ་ཐོག་སྐྱེལ་འདྲེན་ཐག་ལམ་དང་ ས་འོག་འཁོར་ལམ་བཏོན་ནིའི་ལཱ་ཚུ་ འབད་ནི་ཨིན་པའི་ཁར་ སྤུས་ཚད་ཡར་སེང་ཐོག་ རིན་མེད་གསོ་བའི་ཞབས་ཏོག་ཚུ་ ཕན་ཁྱད་ཅན་བཟོ་ཐོག་ལས་ གསོ་བའི་ཞབས་ཏོག་ཚུ་ མཐའ་དག་བཟོ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment