གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༣/༥/༢༠༡༣
ཁ་ཙ་དྲོ་པའི་ཆུ་ཚོད་༦.༣༠ དེ་ཅིག་ཁར་ གློག་མེ་ཚད་སྤེལ་འཕྲུལ་ཆས་ཅིག་ལས་ཟུན་ཏེ་ བསམ་གྲུབ་ལྗོངས་མཁར་གྱི་ ཕོ་རོ་སི་ལི་ཀཱོན་འཕྲུལ་ཁང་ལུ་ མེ་རྐྱེན་བྱུང་མི་དེ་ མེ་བསད་འཕྲུལ་ཆས་གསུམ་གྱིས་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ནང་ བསད་ཚུགས་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ས་མཚམས་ཕྱི་ཁ་ལས་ དྲག་དམག་གི་ མེ་བསད་འཕྲུལ་ཆས་༢ དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་དང་ རྫོང་ཁག་འགོ་དཔོན་ ཚོང་པའི་འཐུས་མི་ དེ་ལས་ འཕྲུལ་ཁང་ནང་ ལཱ་འབད་མི་ཚུ་གིས་ ཆ་རོགས་འབད་མི་ལུ་བརྟེན་ མེ་དེ་ འཇམ་ཏོང་ཏོ་སྦེ་ བསད་ཚུགས་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༠༦ ལུ་ སྒོ་འབྱེད་འབད་མི་ ཕེ་རོ་སི་ལི་ཀཱོན་འཕྲུལ་ཁང་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ ཀི་ལོ་མི་ཊར་༨ ཀྱི་ས་ཁར་ཡོད་པའི་གནས་ཚུལ།


No comments:

Post a Comment