གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་རྩེད་འགྲན་ ཁ་ཙ་འགོ་བཙུགས་ཡོདཔ།

༢༠/༥/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་སྡེ་ཚན་ཚུ་གི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ འགོ་བཙུགསཔ་དང་འབྲེལ་ འབྲུག་ཨེསི་ཊར་སྡེ་ཚན་གྱིས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་ལུ་ གཱོལ་༤ བཙུགསཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན།
ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ ལམ་ལུགས་ལྟར་དུ་ སྙན་ཆ་ཧན་ཏོང་ཏོ་གོ་བའི་སྐབས་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་ འགོ་དཔོན་ཚུ་དང་ ལྟདམོ་ལྟ་མི་ཚུ་ ཡར་ལོང་སྟེ་ གུས་ཞབས་དང་བཅས་པའི་སྒོ་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྡེ་ཚན་༢ ཀྱི་ རྩེད་འགྲན་འགོ་བཙུགས་ཅི།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༥ ཚུན་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་དེ་ སྡེ་ཚན་ག་གིས་ཡང་ གཱོལ་བཙུགས་མ་ཚུགས་རུང་ སྐར་མ་༢༦ ལུ་ འབྲུག་ཨིསི་ཊར་སྡེ་ཚན་ལས་ བཀྲིས་དོན་གྲུབ་ཀྱིས་ འགོ་འབྱེད་དང་འདྲཝ་སྦེ་ གཱོལ་དང་པ་ བཙུགས་ཡོདཔ་ཨིན།
བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ འབྲུག་ཨིསི་ཊར་སྡེ་ཚན་ལས་ འཆི་མེད་རྡོ་རྗེ་གིས་ གཱོལ་༢ པ་ བཙུགས་ཡོདཔ་བཞིན་དུ་ སྐར་མ་༥༧ ནང་ ཡེ་ཤེས་ཀྱིས་ གཱོལ་བཙུགས་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་ཚུ་གིས་ དོ་འགྲན་འབད་དེ་ གཱོལ་བཙུགས་ནི་ལུ་ ག་དེ་ཅིག་ རྩ་འགེངས་རུང་ གཱོལ་བཟུང་མི་དང་ རྩེད་འགྲན་འབད་མི་ཚུ་གིས་ གཱོལ་བཙུགས་མ་བཅུགཔ་ལས་ སྐར་མ་༦༣ ཚུན་ གཱོལ་བཙུགས་ནིའི་ གོ་སྐབས་ལེན་མ་ཚུགས།
ཨིན་རུང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་གྱི་ བི་རང་ བཱསི་ནེཊ་གིས་ སྐར་མ་༦༥ འི་ནང་ ཆ་རོགས་ཅིག་གིས་ བཱོལ་ཁོ་ལུ་ སྤྲོད་ཞིནམ་ལས་ གོ་སྐབས་འཕྲོ་བརླགས་མ་བཏང་པར་ གཱོལ་བཙུགས་ཡོདཔ་ཨིན།
དེ་གི་ཤུལ་ལས་ སྡེ་ཚན་༢ ཆ་རའི་ ཁ་ཐུག་ལས་ དོ་འགྲན་འབད་ཡོད་རུང་ འབྲུག་ཨིསི་ཊར་ལས་ ཨ་བི་ནསི་གིས་ སྐར་མ་༧༨ ནང་ གཱོལ་བཙུགས་པའི་ཤུལ་ལུ་ རྩེད་འགྲན་གྱི་དུས་ཚོད་ཚང་སྟེ་ མཇུག་བསྡུཝ་ད་ སྡེ་ཚན་དེ་གིས་ སྐུགས་༣ ཐོབ་ཅི།
ནངས་པ་ ཐིམ་ཕུ་ཁྲོམ་སྡེ་དང་ རྫོང་རིག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment