གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ བུཚ་དང་ བུམོ་གིས་ བཱོ་ལི་བཱོལ་ལས་རྒྱལ་ཁ་ཐོབ་ཡོདཔ།

༢༠/༥/༢༠༡༣   ༉ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ ཐིམ་ཁྲོམ་སློབ་གྲྭ་ཁག་གི་བར་ནའི་ བཱོ་ལི་བཱོལ་ རྩེད་འགྲན་གྱི་མཐའ་བཅད་ནང་ལས་ སྐལ་སྐྱིད་སློབ་གྲྭའི་སློབ་ཕྲུག་བུམོ་དང་ བུཚ་སྡེ་ཚན་༢ ཆ་ར་གིས་ རྒྱལ་ཁ་ཐོབཡོདཔ་ལས་ ལུང་ཕྱོགས་སློབ་གྲྭ་ཁག་གི་ རྩེད་འགྲན་ནང་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
བཱོ་ལི་བཱོལ་རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ ཐིམ་ཁྲོམ་གྱི་སློབ་གྲྭ་༡༢ ལས་ སློབ་ཕྲུག་བུཚ་དང་ བུམོ་གི་སྡེ་ཚན་༢༤ གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
སྐལ་སྐྱིད་བུམོ་སྡེ་ཚན་གྱིས་ སྐུགས་༢༥-༢༠, ༢༥-༢༠, ༢༥-༢༣ སྦེ་ སྐུགས་ཐེངས་༣ ཆ་ར་ སྦྱེལཝ་སྦྱེལ་སར་ ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འདི་བཟུམ་སྦེ་ སྐལ་སྐྱིད་བུཚ་སྡེ་ཚན་གྱིས་ སྐུགས་༢༥-༡༨, ༢༥-༡༡, ༢༥-༡༨ སྐུགས་ཐེངས་༣ ཆ་ར་ སྦྱེལཝ་སྦྱེལ་སར་ཆོད་དེ་ དབྱངས་ཅན་ཕུག་གི་ སློབ་ཕྲུག་བུཚ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བཱོ་ལི་བཱོལ་རྩེད་འགྲན་ལས་ ཨང་༡ པ་དང་༢ པ་ཐོན་མི་ སྡེ་ཚན་ཚུ་ལུ་ གསོལ་རས་རྟགས་མ་དང་ ལག་ཁྱེར་ཚུ་ འབྲུག་བཱོ་ལི་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་གྱིས་བྱིན་ཡི།
སྐལ་སྐྱིད་སློབ་གྲྭའི་ རྩེད་རིགས་སློབ་སྟོན་འབད་མི་ རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སློབ་ཕྲུག་ཚུ་གིས་ རྩེད་འགྲན་ནང་ བཅའ་མར་གཏོགས་ནི་ལུ་ དང་འདོད་སྦོམ་ ཡོད་དེ་འབད་རུང་ རྩེད་རིགས་ལུ་བརྟེན་ མི་ཚེའི་གནས་སྟངས་ མཐར་འཁྱོལ་ཅན་བཟོ་ནིའི་ འོས་འབབ་མེདཔ་ལས་ སྤྲོ་བ་མ་བསྐྱེད་པར་ བཞག་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ལ་ལུ་ཅིག་གིས་ འབད་བ་ཅིན་ སྤྱི་ལོ་༢༠༠༦ ལས་ཚུར་ འབྲུག་རྒྱལ་ཁབ་ནང་ བཱོ་ལི་བཱོལ་རྩེད་འགྲན་འབད་ནི་དེ་ དར་ཁྱབ་སོང་ཡོདཔ་ལས་ ལུང་ཕྱོགས་དང་ ལུང་ཕྱོགས་ རྫོང་ཁག་དང་རྫོང་ཁག་ དེ་ལས་ སློབ་གྲྭ་དང་ སློབ་གྲྭ་ཁག་ཚུ་གི་བར་ན་ རྩེད་འགྲན་འབད་དོ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment