གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨང་དང་པ་ཐོན་མི་གིས་ རྒྱལ་ཡོངས་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་གོ་སྐབས།

༡༧/༥/༢༠༡༣   ༉ ཁ་ཙ་ ཐིམ་ཁྲོམ་གྱི་ སློབ་གྲྭ་ཁག་གི་བར་ན་ ལུས་རྩལ་འགྲན་བསྡུར་སྣ་ཚོགས་འགོ་འདྲེན་འཐབ་མི་ལས་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་དང་བུམོ་ཚུ་གིས་ གསེར་གྱི་རྟགས་མ་༡༣ ཐོབ་སྟེ་ ཨང་དང་པ་ ཐོན་ཡི།
དྲོགས་ཐོན་མི་ དབྱངས་ཅན་ཕུག་སློབ་གྲྭ་ལུ་ འབྲུག་ལུས་རྩལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གྱིས་
གསོལ་རས་གནང་པའི་བསྒང་།


སྤྱི་ཟླ་༥ པའི་ཚེས་༡༣ ལས་འགོ་བཙུགས་མི་ ལུས་རྩལ་འགྲན་བསྡུར་སྣ་ཚོགས་ལས་ ཁ་ཙ་ འབྲིང་རིམ་སློབ་གྲྭ་གོང་མ་དང་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུཚ་དང་བུམོ་ཚུ་གི་བར་ན་ མི་ཊར་༢༠༠ དང་༤༠༠ དེ་ལས་ ཤིང་དུམ་འཐུ་སྟེ་ བང་རྒྱུག་གི་ འགྲན་བསྡུར་ཚུ་ འབད་ཡོདཔ་ཨིན།
ཉི་མ་དང་ དཔལ་འཁྱིལ་སློབ་གྲྭའི་ སློབ་ཕྲུག་བུཚ་དང་བུམོ་ཚུ་གིས་ མི་ཊར་༢༠༠ གི་བང་རྒྱུག་ལས་ ཨང་དང་པ་ཐོན་ཡོདཔ་ད་ མི་ཊར་༤༠༠ ལས་ ཉི་མ་སློབ་ཕྲུག་བུམོ་དང་ དབྱངས་ཅན་ཕུག་སློབ་ཕྲུག་བུཚ་གིས་ ཨང་དང་པ་ཐོན་ཡོད་པའི་ཁར་ མི་ཊར་༤༠༠ འབད་མི་ རི་ལེ་རེསི་འགྲན་བསྡུར་ལས་ དབྱངས་ཅན་ཕུག་སློབ་ཕྲུག་བུཚ་སྡེ་ཚན་གྱིས་ ཐོབ་ཅི།
འབྲིང་རིམ་སློབ་གྲྭ་བར་མ་ལས་ ལུང་བསྟན་ཟམ་པའི་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ཚུ་གིས་ གསེར་གྱི་རྟགས་མ་༡༣ ཐོབ་སྟེ་ ཐིམ་ཁྲོམ་འབྲིང་རིམ་སློབ་གྲྭ་བར་མ་༥ གིས་ གྲལ་གཏོགས་འབད་མི་ལས་ དྲག་ཤོས་ཐོན་ཡོདཔ་ད་ ལས་རིམ་མཇུག་གི་ འགྲན་བསྡུར་ནང་ལས་ མི་ཊར་༤༠༠ འབད་མི་ རི་ལེ་རེསི་འགྲན་བསྡུར་ནང་ལས་ ལུང་བསྟན་ཟམ་པའི་སློབ་ཕྲུག་ཚུ་གིས་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲིང་རིམ་སློབ་གྲྭ་འོག་མ་ལས་ ལུང་བསྟན་ཕུག་འབྲིང་རིམ་སློབ་གྲྭ་འོག་མ་གིས་ གསེར་གྱི་རྟགས་མ་༦ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་འོག་མ་གིས་ གསེར་གྱི་རྟགས་མ་༥ ཐོབ་སྟེ་ ཨང་༢ པ་ཐོན་པའི་ཁར་ ལྕང་རིག་འཕེལ་འབྲིང་རིམ་སློབ་གྲྭ་འོག་མ་གིས་ གསེར་གྱི་རྟགས་མ་༣ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ ཐིམ་ཁྲོམ་གྱི་ འབྲིང་རིམ་སློབ་གྲྭ་གོང་མ་ ཉི་མ་དང་ དབྱངས་ཅན་ཕུག་ དཔལ་འཁྱིལ་ མུ་ཏིག་ཐང་  སྐལ་སྐྱིད་སློབ་གྲྭ་གོང་མ་དང་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ བདེ་ཆེན་ཆོས་གླིང་ འབྲུག་ བློ་གསལ་གླིང་ བར་སྦིས་ས་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་འོག་མ་ འཇིགས་མེད་རྣམ་རྒྱལ་ ལུང་བསྟན་ཕུག་ ལྕང་རིག་འཕེལ་སློབ་གྲྭ་༢༠ ལས་ སློབ་ཕྲུག་༡༠༠༠ ལྷགཔ་ཅིག་གིས་ ལོ་བསྟར་གྱི་ལུས་རྩལ་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལུས་རྩལ་འགྲན་བསྡུར་དེ་ལས་ ཨང་༡ པ་དང་༢ པ་ དེ་ལས་ ཨང་༣ པ་ཐོན་མི་ཚུ་ རྒྱལ་ཡོངས་ལུས་རྩལ་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ ལོ་བསྟར་བཞིན་དུ་ ལུས་རྩལ་འགྲན་བསྡུར་དེ་ ན་གཞོན་དང་ རྩེད་རིགས་ལས་ཁུངས་དང་ འབྲུག་ལུས་རྩལ་ཚོགས་པ་ དེ་ལས་ ཐིམ་ཁྲོམ་ཚུ་ མཉམ་རུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་ཟེར་ འབྲུག་ལུས་རྩལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ རྡོ་རྗེ་བསྟན་འཛིན་གྱིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment