གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤ་མུ་དུག་ཅན་བརྟེན་ མི་༣ ལུ་ ཤི་རྐྱེན།

༡༧/༥/༢༠༡༣   ༉ དུག་ཡོད་མི་ ཤ་མུ་ལས་བརྟེན་ ཁ་ཙ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཕོ་སྐྱེས་༡ དང་ ཨ་ལུ་༢ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཕོ་སྐྱེས་༡ དང་ ཨམ་སྲུ་༡ ལུ་ འཚབས་ཆེན་སྦེ་ཡོདཔ་ཨིན་པས།


སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ ཕོ་སྐྱེས་༡ དང་ ཁོ་གི་བུམོ་ སྐྱེས་ལོ་༡༠ ལང་མི་ དེ་ལས་ ཁོ་རའི་གནས་ཚང་གི་ ནུ་གཅུང་སྐྱེས་ལོ་༧ ལང་མི་༣ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་༣༣ ལང་མི་ ཚེ་འདས་ཕོ་སྐྱེས་ཀྱི་ གནས་ཚང་དེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ ཁོ་གི་ ཁྱིམ་ཚང་ཕོ་སྐྱེས་༡ བསམ་རྩེ་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
བསམ་རྩེ་ཅེང་མ་རི་ལས་ཨིན་མི་ བཟའ་ཚང་དེ་གིས་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ ཚེ་འདས་ཕོ་སྐྱེས་དེ་གིས་ ཤ་མུ་ཚུ་ ནགས་ཚལ་ནང་ལས་ འབག་འོང་སྟེ་ དེ་ཚེ་ཕྱི་རུ་ བཟའ་ནུག་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཨམ་སྲུ་དེ་གི་ནུམོ་ མི་ན་དགའ་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཟའ་ཚང་ཚུ་གིས་ ཤ་མུ་ བཱ་ལུ་ཤ་མོ་དེ་ བཟའ་ནུག་ཟེར་ཨིན་པས།
ཤ་མུ་དེ་ ཕྱི་རུའི་ཚོདམ་སྦེ་ བཟོ་བཟའ་ཞིནམ་ལས་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ ཁ་ལས་སྐྱུག་པའི་ཁར་ བཤལ་ནད་ཐོབ་ནི་ འགོ་བཙུགས་པའི་ཤུལ་ལས་ བསམ་རྩེ་སྨན་ཁང་ནང་ སོང་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༤ ལུ་ ཚེ་འདས་དང་ ཁོ་རའི་བཟའ་ཚང་ཚུ་ མ་དྲག་པའི་ཤུལ་ལས་ ཐིམ་ཕུ་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ ཁྱིམ་ཚང་ཕོ་སྐྱེས་དེ་ གནས་སྟངས་དུམ་གྲ་ཅིག་ ལེགས་ཤོམ་སོང་ནུག་ཟེར་སླབ་སྟེ་ ལོག་ཁྱིམ་ནང་ བཏང་ཡོདཔ་ཨིན་པས།
མི་ན་ དགའ་ལེགས་ཀྱིས་འབད་བ་ཅིན་ དེ་ཚེ་འགོ་ཐོག་ སྨན་ཁང་ནང་འོང་བའི་སྐབས་ ནདཔ་ཚུ་གི་ གནས་སྟངས་དུམ་གྲ་ཅིག་ ལེགས་ཤོམ་སྦེ་ མཐོང་ཡོདཔ་ཨིན་རུང་ སྤྱི་ཟླ་༥ པའི་ཚེས་༡༥ ཉི་མ་ཁམས་ཅིག་ལས་ གནས་སྟངས་སྐྱོ་དྲགས་ཡར་སོ་ཡི་ཟེར་ཨིན་པས།
གསོ་བའི་མཁས་མཆོག་ ཌོག་ཊར་ དིལ་བཱ་དུར་སུ་བཱ་གིས་ སླབ་མིའི་དང་འཁྲིལཝ་ད་ ནདཔ་ཚུ་གི་ མཆིན་པ་ནང་ དུག་ཤུགས་སྦེ་འཛུལ་ཡོད་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ཚུ་ སྨན་ཁང་ནང་ སྨན་བཅོས་ཀྱི་དོན་ལུ་ འོང་པའི་ཉིནམ་ལས་ མཆིན་པ་ནང་ དུག་ཁྱབ་འགྱོ་མི་དེ་ ག་ར་མེདཔ་བཏང་ཚར་ནུག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ དུག་ཡོད་མི་ཤ་མུ་དེ་ བཟའ་ཞིནམ་ལས་ དུས་ཡུན་ཆུ་ཚོད་༤༨ ཀྱི་ ནང་འཁོད་ལུ་ སྨན་ཁང་ནང་ སྨན་བཅོས་འབད་བར་ འོང་ཚུགས་པ་ཅིན་ ཁོང་གིས་ སྨན་བཅོས་འབད་ཚུགས་ཚུགསཔ་འོང་ཟེར་ ཌོག་ཊར་ ཌི་བི་སུ་བཱ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ དུས་ཡུན་ཆུ་ཚོད་༤༨ འབྱིད་པའི་ ཤ་ཆུ་ལས་བརྟེན་པའི་ དུག་བཏོན་གཏང་ནི་གི་ སྨན་ཡང་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment