གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ ནད་བརྟག་ཟུར་བཞག་ས་ཁོངས་ ཐོབ་མ་ཚུགས་པའི་དཀའ་ངལ།

༡༧/༥/༢༠༡༣    ༉ ཕུན་ཚོགས་གླིང་ལུ་ སའི་ཇོ་བདག་ཅིག་གིས་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ཡིག་ཚང་ སྤོ་བཤུད་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ད་ལས་ཕར་ ཕུན་ཚོགས་གླིང་ལུ་ སྔོ་ཤིང་དང་ སེམས་ཅན་ དེ་ལས་ ནད་བརྟག་ཟུར་བཞག་གི་ ས་ཁོངས་ འོང་ག་ཟེར་བའི་ ཐེ་ཚོམ་ཟ་དོ་ཡོདཔ་ཨིན་པས།


ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ ཡིག་ཚང་ངོས་འཛིན་འབད་མི་ ས་ཁོངས་ནང་ བདག་སྐྱོང་གི་ ཡིག་ཚང་རྐྱངམ་གཅིག་ ཤོང་ནི་མ་གཏོགས་ སྔོ་ཤིང་དང་ སེམས་ཅན་ དེ་ལས་ ནད་བརྟག་ཟུར་བཞག་ མི་ཤོང་ནི་མས་ཟེར་ཨིན་པས།
འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ནད་བརྟག་ཟུར་བཞག་གི་ ས་ཁོངས་མེད་པ་ཅིན་ སྔོ་ཤིང་དང་ སེམས་ཅན་ ནད་གཞི་ བརྟག་དཔྱད་མ་འབད་བར་ འབྲུག་ལུ་ འབག་འོང་ནིའི་གྱངས་ཁ་ ཡར་སེང་འགྱོ་ནི་ཨིནམ་མ་ཚད་ ཚོང་འབྲེལ་གྱི་སྤུས་ཚད་དང་ ཕྱིར་ཚོང་དང་ ནང་འདྲེན་གྱི་ཉེན་སྲུང་ མར་འབབ་འགྱོ་འོང་ཟེར་ཨིན་པས།
ད་ལྟོ་ཡོད་མི་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ ཡིང་ཚང་ཉེ་འདབས་ལུ་ ནད་བརྟག་ཟུར་བཞག་ས་ཁོངས་ཡོདཔ་ཨིན་རུང་ ཡིག་ཚང་སྤོ་བཤུད་འབད་བའི་བསྒང་ལས་ ནད་བརྟག་ཟུར་བཞག་ས་ཁོངས་དེ་ཡང་ བརྡལ་གཏང་དགོཔ་འཐོན་ནི་མས་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ནད་བརྟག་ཟུར་བཞག་གི་ས་ཁོངས་ ག་དེམ་ཅིག་འཚོལ་རུང་ ཐོབ་མ་ཚུགས་པས་ཟེར་ཨིདམ་ད་ ཁྲོམ་སྡེ་ལུ་ཡང་ ས་ཁོངས་ཅིག་ གནང་ཐབས་ཡོད་པ་ཅིན་ཟེར་ གསལ་ཞུ་འབད་ཡི་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ བཟོ་སྐྲུན་འཆར་གཞི་ཟིན་བྲིས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ཡང་ ས་མཚམས་སྒོ་རའི་ སྦོ་ལོགས་ཁར་ ནད་བརྟག་ཟུར་བཞག་གི་ས་ཁོངས་ཚུ་ དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ནད་བརྟག་ཟུར་བཞག་ས་ཁོངས་ནང་ ཕྱི་ཁ་ལས་ ནང་འདྲེན་འབད་མི་ སེམས་ཅན་དང་ སྔོ་ཤིང་ཚུ་གིས་ ནད་གཞི་འབག་འོང་མ་འོང་ བརྟག་དཔྱད་འབདཝ་ཨིན་ཟེར་ཨིན་པས།
ཚད་འཛིན་དང་ ནད་བརྟག་འགོ་དཔོན་གོངམ་ ཌོག་ཊར་ ཕྱག་རྡོར་གྱིས སླབ་མི་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ ནད་བརྟག་ཟུར་བཞག་གི་ ས་ཁོངས་ཅིག་ ཕུན་ཚོགས་གླིང་ལུ་ འཐོབ་ཚུགས་པ་ཅིན་ ས་ཁོངས་བཟོ་ནི་ཨིན་ཟེར་ཨིན་པས།
གལ་སྲིད་ ནད་བརྟག་ཟུར་བཞག་གི་ ས་ཁོངས་ཐོབ་མ་ཚུགས་པ་ཅིན་ རྒྱལ་ཁབ་ནང་ སྔོ་ཤིང་དང་ སེམས་ཅན་ ནང་འདྲེན་འབད་མི་ཚུ་ བསམ་རྩེ་ལུ་ཡོད་པའི་ ནད་བརྟག་ཟུར་བཞག་ཁང་ནང་ གཏང་ནི་ཟེར་ཨིནམ་ད་ དེ་བསྒང་ བྱ་སྟབས་མ་བདེཝ་ཐོན་རུང་ བྱ་ཐབས་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་གི་ འཆར་གཞི་སྤྱི་ཁྱབ་ ཚེ་རིང་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཁྲོམ་སྡེ་གིས་ ནད་བརྟག་ཟུར་བཞག་གི་ ས་ཁོངས་ཅིག་ ཕུན་ཚོགས་གླིང་དཔག་བསམ་ཁ་ལུ་ ལྟ་བའི་བསྒང་ཡོད་ཟེར་ཨིནམ་ད་ དེ་ཡང་ དཔག་བསམ་ཁ་ལུ་ ས་མཚམས་ཀྱི་ སྒོ་ར་༣ པ་ སྒོ་ཕྱེ་ནི་གི་ གྲོས་འཆར་བཙུགས་མི་ལུ་བརྟེན་ཏེ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment