གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བང་རྒྱུག་ལས་རིམ་ནང་ རྒྱལ་ཁབ་༢༠ དེ་ཅིག་གིས་ བཅའ་མར་གཏོགས་ནི།

༡༤/༠༥/༢༠༡༣  ༉ འབྲུག་སྨན་ལྷ་ཨེཌ་བེན་ཅར་ཟེར་མི་ སྒེར་གྱི་ལྟ་བཤལ་ལས་སྡེ་གིས་ སྤྱི་ཟླ་༦ པའི་ཚེས་༢ ལས་༧ ཚུན་ ཉིན་གྲངས་༦ གི་རིང་ འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་མི་ བང་རྒྱུག་ལས་རིམ་ནང་ རྒྱལ་ཁབ་༢༠ དེ་ཅིག་གིས་ བཅའ་མར་གཏོགས་ནི་ཨིན་པས།


ལས་སྡེའི་ ཚོང་འབྲེལ་ལས་ཁུངས་ཀྱི་ བཀྲ་ཤིས་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་༢༠ ལས་ བང་རྒྱུག་ནང་ ཧེ་མ་ལས་བང་རྒྱུག་ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་༣༣ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་རིམ་དེ་ མ་འོངས་པའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་དོ་ཡོད་རུང་ ད་རེས་ འགོ་དང་པ་འབད་ནི་དེ་གིས་ ཁོ་རའི་ལས་སྡེ་ལུ་ ཁེ་སང་སྦོམ་ཅིག་ མེད་ཟེར་ཨིན་པས།
བཀྲ་ཤིས་རྒྱལ་མཚན་གྱིས་ སླབ་མིའི་ནང་ བང་རྒྱུག་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྤྱིར་བཏང་ལྟ་བཤལ་ནང་ འོང་མི་ཚུ་དང་ ཤོ་མཚུངས་སྦེ་ གླ་འཐུས་སྤྲོད་དགོཔ་མ་གཏོགས་ ཐེབས་ག་ནི་ཡང་ སྤྲོད་མི་དགོ་ཟེར་ཨིནམ་ད་ བང་རྒྱུག་རྐྱབ་མི་ཚུ་གིས་ སྤུ་ན་ཁ་ལས་ འགོ་བཙུགས་ཏེ་ དང་ཕུ་ལས་ཡོད་མི་ སིན་ཅུ་ལའི་ ལམ་བདའ་སྟེ་ རྒྱུག་ནི་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ ཉིནམ་༦ པའི་ནང་ སྤ་རོ་སྟག་ཚང་ལུ་ ལྷོད་ནི་ཨིནམ་ད་ ཁོང་གིས་ ཉིན་བསྟར་བཞིན་དུ་ ཀི་ལོ་མི་ཊར་༣༠ དང་༤༠ གི་བར་ན་ རྒྱུག་དགོ་ནི་ཨིན་རུང་ ས་ཁོངས་ཁག་༥ ནང་ ཞག་ཉལ་ནི་ཨིནམ་ད་ ཉིནམ་༦ པའི་ནང་ ཀི་ལོ་མི་ཊར་བསྡོམས་༢༠༠ དེ་ཅིག་ རྒྱུག་དགོ་ནི་ཨིན་པས།
ལས་རིམ་དེ་གི་དོན་ལུ་ བཀྲ་ཤིས་རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་ག་ཏེ་ལས་ རྒྱུག་དགོ་ནི་ཨིན་ན་ ཧེ་མ་ལས་ ས་ཁྲ་བཟོ་ཚར་ཏེ་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལས་ གནས་སྐབས་ཅིག་གི་དོན་ལུ་ ལཱ་འབད་མི་༣༤ དེ་ཅིག་ བཙུགས་ཏེ་ཡོད་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་ཡང་ མང་ཤོས་ར་ ཧེ་མ་ལས་ བང་རྒྱུག་ནང་ བཅའ་མར་གཏོགས་ཏེ་ ཉམས་མྱོང་ཡོད་མི་ཚུ་ཨིན་རུང་ འབྲུག་རྒྱལ་ཁབ་ནང་ལས་ ག་ཡང་མེད་པའི་ཁར་ ཨམ་སྲུ་བཅའ་མར་གཏོགས་མི་ དག་པ་ཅིག་འོང་ནི་ཨིན་པས།
སྡེ་ཚན་དེ་གིས་ སྤུ་ན་ཁའི་ ཟམ་ལས་འགོ་བཙུགས་ཏེ་ མཆོད་རྟེན་སྙིངམ་དང་ དཀར་སྦིས་ས་ ཕ་ཇོ་སྡིངས་ དེ་ལས་ སྤ་རོ་ལུ་ ཞག་སྡོད་དེ་ དེ་གི་ནངས་པར་ སྟག་ཚང་ཚུན་ རྒྱུག་ནི་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ལུ་ གསོལ་རས་ཡང་ རང་ལུགས་ཀྱི་ ཅ་ཆས་ཚུ་ བྱིན་ནི་ཨིན་པའི་གནས་ཚུལ།

                                                                                 བཀྲ་ཤིས་བསྟན་འཛིན།

No comments:

Post a Comment