གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༢ ནང་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མི་ ཡར་སེང་སོང་ཡོདཔ།

༡༤/༠༥/༢༠༡༣ ༉ སྤྱི་ལོ་༢༠༡༢ ལུ་ འབྲུག་རྒྱལ་ཁབ་ནང་ ངལ་གསོ་གི་དོན་ལུ་ ལྟ་བཤལཔ་བརྒྱ་ཆ་༨༠ དེ་ཅིག་ འོང་ཡོདཔ་ད་ ལྟ་བཤལཔ་གཞན་ཚུ་ གཞུང་དོན་དང་ ལ་ལུ་ཅིག་ ཚོང་འབྲེལ་ དེ་ལས་ རྒྱལ་ཁབ་ཀྱི་ གནས་སྟངས་ལྷབ་སྦྱང་འབད་ནིའི་དོན་ལུ་ འོང་ཡོདཔ་སྦེ་ འཕྲལ་ཁམས་ཅིག་ཁར་ འབྲུག་ལྟ་བཤལ་ལྟ་རྟོག་འགོ་འབྱེད་འབད་མིའི་ནང་ འཁོད་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་༡༠༥,༤༠༧ འོང་མི་དེ་ སྤྱི་ལོ་༢༠༡༡ དང་ཕྱདཔ་ད་ བརྒྱ་ཆ་༦༤.༦༢ གིས་ ཡར་སེང་ སོང་ཡོདཔ་ཨིནམ་ད་ ཡོངས་བསྡོམས་ལྟ་བཤལཔ་༡༠༥,༤༠༧ འོང་ཡོད་མིའི་གྲས་ལས་ རྒྱལ་སྤྱི་འཛམ་གླིང་གི་ལྟ་བཤལཔ་༥༤,༦༨༥ དེ་ ཁྱིམ་ཚང་རྒྱ་གར་དང་ ནེ་པཱལ་ བང་ལ་དེཤ་ མཱལ་དེབསི་ དེ་ལས་ ཤྲི་ལངྐ་ཚུ་ནང་ལས་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ལྟ་བཤལ་ཡོངས་བསྡོམས་༡༠༥,༤༠༧ འོང་ས་ལས་༧༧,༧༠༠ དེ་ ངལ་གསོའི་དོན་ལུ་ འོང་ཡོདཔ་སྦེ་ འབྲུག་ལྟ་བཤལ་ལྟ་རྟོག་པའི་སྙན་ཞུ་ནང་ བཀོད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ལྟ་རྟོག་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ ཡུ་ནའི་ཊེཌ་དང་ ཇ་པཱན་ལས་ ལྟ་བཤལཔ་ མང་ཤོས་ཐོན་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ལོ་ནང་ ཇ་པཱན་རྒྱལ་ཁབ་ལས་ ལྟ་བཤལཔ་བརྒྱ་ཆ་༡༥.༩༨ དང་ ཡུ་ཨེསི་ཨེ་ལས་ལྟ་བཤལཔ་ བརྒྱ་ཆ་༡༣.༦༧ དེ་ལས་ རྒྱ་ནག་ལས་ ལྟ་བཤལཔ་བརྒྱ་ཆ་༨ དེ་ཅིག་འོང་ཡོདཔ་ཨིན་རུང་ ཟིམ་བ་ཡ་དང་ སསི་ཆི་ལིསི་ དེ་ལས་ མཱལ་ཊ་རྒྱལ་ཁབ་༣ ལས་ ལྟ་བཤལཔ་ཚུ་ འགོ་ཐོག་འོང་ཡོདཔ་ཨིན་པས།
ཡུ་ནའི་ཊེཌ་ལས་འོང་མི་ལྟ་བཤལ་ཚུ་ བེང་ཀོག་དང་ ཐའི་ལེནཌ་ དེ་ལས་ ནེ་པཱལ་རྒྱལ་ཁབ་བརྒྱུད་དེ་ འོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢ ལོ་མཇུག་བསྡུ་ཁམས་ཅིག་ཁར་ སིངྒ་པུར་རྒྱལ་ཁབ་ནང་ གནམ་གྲུ་འགྲུལ་བསྐྱོད་འགོ་འབྱེད་འབད་བའི་ཤུལ་ལས་ སིངྒ་པུར་རྒྱལ་ཁབ་ལས་ ལྟ་བཤལཔ་འོང་མི་ ཡར་སེང་སོང་ཡོདཔ་ཨིན་པས།
འབྲུག་འདི་ལམ་སྲོལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་འབད་ནི་དེ་གིས་ ལྟ་བཤལཔ་བརྒྱ་ཆ་༩༩.༢༦ དེ་ཅིག་ ལམ་སྲོལ་གྱི་དོན་ལུ་ འོང་ཡོདཔ་ད་ རང་བཞིན་གནས་སྟངས་དང་བསྟུན་ ལ་བཤལ་འབད་ནི་ བྱ་རིགས་བལྟ་ནི་ ནགས་ཚལ་ནང་ ག་ཅི་ར་ཡོདཔ་ཨིན་ན་ ལྟ་ཞིབ་འབད་ནིའི་དོན་ལུ་ འོང་མི་བརྒྱ་ཆ་༡༣.༠༤ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༡ ནང་ཚུན་འབད་བ་ཅིན་ བལྟ་བཤལཔ་ཚུ་གིས་ཉིནམ་ཕྱེད་དང་༨ དེ་རེ་ རྒྱལ་ཁབ་ནང་ ལྟ་བཤལ་སྦེ་སྡོད་དེ་ ལོག་འགྱོ་དོ་ཡོད་རུང་ ན་ཧིང་ ཉིནམ་ཕྱེད་དང་༧ ལས་བརྒལ་ མ་སྡོད་པར་ ལོག་སོང་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
ཕྱིའི་རྒྱལ་ཁབ་ལས་ ལྟ་བཤལཔ་སྦེ་ འོང་མི་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ཡོདཔ་སྦེ་ འབྲུག་ལྟ་བཤལ་ལྟ་རྟོག་སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

                                                                                བཀྲིས་ཕུན་ཚོགས།

No comments:

Post a Comment