གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུགི་གཞུང་ཚབ་ཀྱིས་ ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།

༤/༠༥/༢༠༡༣    བདུན་ཕྲག་ཧེ་མའི་ནང་ ཇེ་ནི་བ་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ ཟླཝ་དཔལ་འབྱོར་གྱིས་ ཨི་ཊ་ལིའི་རྒྱལ་ས་ རཱོམ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་དང་  རྒྱལ་སྤྱི་སོ་ནམ་གོང་འཕེལ་མ་དངུལ་ དེ་ལས་ བཟའ་སྤྱོད་དང་ སོ་ནམ་ལས་འགུལ་ཚུ་ལུ་ འབྲུག་གི་གཏན་འཇགས་སྐུ་ཚབ་ཀྱི་ ངོ་སྤྲོད་ཡིག་ཆ་ ཕུལ་ཡོདཔ་ཨིན་པས།
དེ་བསྒང་ ཟླཝ་དཔལ་འབྱོར་གྱིས་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ བཀོད་ཁྱབ་མདོ་ཆེན་ ཨམ་ཨིར་ཐ་རིན་ ཀའུ་སིན་དང་ རྒྱལ་སྤྱི་སོ་ནམ་གོང་འཕེལ་མ་དངུལ་གྱི་ ཡོངས་ཁྱབ་མདོ་ཆེན་ ཇོསི་ ག་ར་ཟི་ཡ་ནོ་དང་ཕྱད་དེ་ གྲོས་བསྡུར་ཚུ་འབད་ཡོདཔ་ད་ ཟླཝ་དཔལ་འབྱོར་དེ་ སུ་ཡི་ཛར་ལེན་དང་ ཨཱསི་ཊི་ཡའི་དོན་ལུ་ འབྲུག་གི་གཞུང་ཚབ་ཡང་ ཨིན་པའི་གནས་ཚུལ།

No comments:

Post a Comment