གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་བགྲེསཔ་༢ ཚོགས་པའི་གྲོས་སྟོན་པ་སྦེ་སྡོད་ནི།

མི་འགྱུར་རྡོ་རྗེ་དང་ འཇིགས་མེད་ཚུལ་ཁྲིམས།
༡༤/༠༥/༢༠༡༣  ༉ ཁ་ཙ་ བཀྲིས་སྒང་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ར་ལྡི་-སཱག་སྟེང་དང་ བཀང་ལུང་-བསམ་མཁར་གྱི་ འདེམས་ངོ་བགྲེསཔ་ འཇིགས་མེད་ཚུལ་ཁྲིམས་དང་ མི་འགྱུར་རྡོ་རྗེ་གཉིས་ སྲིད་ཚོགས་ཀྱི་འཐུས་མི་སྦེ་ར་ སྡོད་འོང་ཟེར་ སླབ་ཡོདཔ་ཨིན་པས།


དེ་ཡང་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ནང་ བར་མཚམས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ འཛོམས་འདུ་རྐྱབ་པའི་སྐབས་ སླབ་ཡོདཔ་ད་ དེ་བསྒང་ ར་ལྡི་-སཱག་སྟེང་དང་ བཀག་ལུང་-བསམ་མཁར་གྱི་ འདེམས་ངོ་གསརཔ་ འཇིགས་མེད་ཚུལ་ཁྲིམས་དང་ འཇིག་མེད་དཔལ་ལྡན་རྡོ་རྗེ་༢ ཡང་ ངོ་སྤྲོད་འབད་དེ་ འདེམས་ངོ་བགྲེསཔ་༢ ཀྱིས་ ཁོང་༢ ལུ་ གྲོས་སྟོན་པ་སྦེ་ སྡོད་འོང་ཟེར་ སླབ་ནུག།
འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་འབད་བ་ཅིན་ དགོས་མཁོ་ཆེ་བའི་ དུས་ཚོད་ཚུ་ནང་ འབྲུག་ཕུན་སུམ་ཚོགས་པའི་ བཟའ་ཚང་ཚུ་གིས་ ཁོང་ འདེམས་ངོ་བགྲེསཔ་༢ ལས་ ཁ་བཀོད་ཚུ་ ལེན་ནི་ཨིན་ཟེར་ཨིན་པས།
ཚོགས་དཔོན་བགྲེསཔ་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ མ་གཞི་ཁོ་ར་ ད་རེས་ཁམས་ དགོངས་ཞུ་འབད་ཡོདཔ་ཨིན་རུང་ ད་ལས་ཕར་ ཚེ་ཐེངས་གཅིག་ སྲིད་ཚོགས་ཀྱི་འཐུས་མི་སྦེ་ སྡོད་ནི་ཟེར་ སླབ་ཡོདཔ་ད་ དེ་བཟུམ་སྦེ་ ནང་སྲིད་བློན་པོ་བགྲེསཔ་གིས་ཡང་ འཐུས་མི་སྦེ་ར་ སྡོད་ནི་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ གལ་སྲིད་ དགོངས་ཞུ་འབད་རུང་ སྲིད་ཚོགས་ཀྱི་ འཐུས་མི་སྦེ་ར་ སྡོད་ནི་དེ་ ཚོགས་པའི་སྒྲིག་གཞི་ཨིན་པའི་ཁར་ ཚོགས་པའི་བརྡ་མཚོན་ ཁྲུང་ཁྲུང་ཡོད་མི་དེ་གིས་ དད་མོས་ཀྱི་ཐོག་ལས་ སྲིད་ཚོགས་ལུ་ ཕྱག་ཞུ་ནིའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
མི་འགྱུར་རྡོ་རྗེ་གིས་ བཤད་མིའི་ནང་ ཁོ་ར་དང་ ཚོགས་དཔོན་བགྲེསཔ་༢ ཚོགས་པའི་འཐུས་མི་སྦེ་ སྡོད་ནི་ཨིན་རུང་ སྲིད་ཚོགས་དང་འབྲེལ་བའི་ ལས་སྣ་ཚུ་གི་སྐབས་ འབྲེལ་བ་འཐབ་སྟེ་ སྡོད་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོང་ལས་བསྟུན་གྲོས་རེ་ འཚོལ་དགོཔ་ཐོན་རུང་ ཆ་རོགས་འབད་ནི་ཨིན་ཟེར་ མི་འགྱུར་རྡོ་རྗེ་གིས་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment