༡༣/༠༥/༢༠༡༣ ༉ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འགོ་ཁྲིད་ཐོག་ལས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ སྤུ་ན་ཁ་རྫོང་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ མ་ཆེན་སྐུ་མདུན་ལུ་ གུས་བཏུད་ཞུ་ཐོག་ལས་ བསྐུལ་བསྒྲགས་ཀྱི་ལས་རིམ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
མ་ཆེན་སྐུ་མདུན་ལས་ ཕྱག་དབང་ཞུ་བའི་ཤུལ་ལུ་ ཚོ་རིང་སྟོབས་རྒྱས་དང་ སྡེ་ཚན་གྱིས་ ཉེ་འདབས་ཀྱི་ས་གནས་ ཁུ་རུ་ཐང་ཁྲོམ་ཁར་ སོང་ཞིནམ་ལས་ ཨོ་རྒྱན་རིག་པའི་འབྱུང་གནས་སློབ་གྲྭའི་ སྤྱི་དོན་ཁང་ནང་སྦེ་ རྒྱབ་སྐྱོར་པ་༢༥༠ དེ་ཅིག་དང་གཅིག་ཁར་ ཕྱད་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱབ་སྐྱོར་པ་ཚུ་ལུ་ བྱོན་ཞུ་འབད་བའི་ཤུལ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་ལས་ ཕྱག་དབང་ཞུ་སྟེ་ འགོ་བཙུགས་དགོཔ་དེ་ ཁག་ཆེཝ་སྦེ་ མཐོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ བཙག་འཐུའི་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་ འགྱོ་བཅུག་ནིའི་དོན་ལུ་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལཝ་བཏབ་བཞིན་དུ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་གཉིས་པ་ བཙག་འཐུ་འབད་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྲིད་ཚོགས་ག་ར་དང་ སྒོས་སུ་ མི་སེར་ཚུ་གི་དོན་ལུ་ ལེགས་ཤོམ་འབྱུང་བཅུག་ཟེར་བའི་ སྨོན་ལམ་བཏབ་ཅི་ཟེར་ སླབ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ འོས་འབབ་ཅན་གྱི་ འགོ་ཁྲིདཔ་དགོཔ་ གལ་ཆེཝ་ལས་ གཞུང་སྐྱོང་གི་གོ་སྐབས་ ག་གིས་ར་འཐོབ་རུང་ ལེགས་ཤོམ་འོང་བཅུག་ནི་དང་ འབྲུག་མི་ཚུ་གིས་འབད་རུང་ གདམ་ཁ་ཚུ་ ལེགས་ཤོམ་རྐྱབ་དགོཔ་སྦེ་ སླབ་ཡོད་པའི་གནས་ཚུལ།

No comments:
Post a Comment