གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རིག་ཡོངས་འབྲེལ་ཐོག་ལས་ ཏི་རུ་བྱང་སྟོར་ཤོར་བའི་ རྩོད་དོན་གྱི་སྙན་གསན་དང་པ་ འགོ་བཙུགས་ཡོདཔ།

/༥/༢༠༡༣   ༉ གློག་རིག་ཡོངས་འབྲེལ་ཐོག་ལས་སྦེ་ དངུལ་ཁང་ནང་ལས་ ཏི་རུ་བྱང་སྟོར་ཤོར་བའི་ རྩོད་དོན་འགོ་དང་པ་ཨིན་མི་ འབྲུག་དངུལ་ཁང་དང་ ལྷ་འཛིན་པར་སྐྲུན་ ཇོ་བདག་གཉིས་ཀྱིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་བའི་ཤུལ་ལུ་ ཁ་ཙ་ སྙན་གསན་ཐེངས་དང་པ་ འགོ་བཙུགས་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༢ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ཟླ་༦ པའི་ཚེས་༢༠ ལུ་ སངས་རྒྱས་བསྟན་འཛིན་གྱིས་ ལྷ་འཛིན་པར་སྐྲུན་དེ་ བསྟན་འཛིན་དབང་འདུས་ལུ་ བཙོང་ཡོདཔ་ལས་ ཁོ་གིས་ དངུལ་ཁང་རྩིས་ཁྲའི་ ལག་བྲིས་བསྒྱུར་བཅོས་འབད་དགོཔ་སྦེ་ ཞུ་ཡིག་བཙུགས་ཏེ་འབད་རུང་ དངུལ་ཁང་གི་ ཁ་ཐུག་ལས་ ཟླཝ་༦ གི་རིང་ དེ་སྦེ་ར་ བཞག་ཡོད་མི་ལུ་བརྟེན་ དངུལ་ཁང་གི་ འཛོལ་བ་ཨིནམ་སྦེ་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
འབྲུག་དངུལ་ཁང་གིས་ འབད་བ་ཅིན་ སྤྱི་ལོ་༢༠༡༡ ཟླཝ་༦ པའི་ཚེས་༢༠ ལུ་ སངས་རྒྱས་བསྟན་འཛིན་གྱིས་ ཁོ་རའི་ རྩིས་ཁྲ་ལག་བྲིས་ བསྒྱུར་བཅོས་འབད་དགོཔ་མ་གཏོགས་ གློག་རིག་ཡོངས་འབྲེལ་ཐོག་ལས་ དངུལ་ཁང་ལག་ལེན་འཐབ་ནི་དེ་ བཀག་ཆ་འབད་དགོཔ་སྦེ་ སླབ་སྟེ་མིན་འདུག་ཟེར་ཨིན་པས།
འབྲུག་དངུལ་ཁང་གི་ ཁ་ཐུག་ལས་འབད་བ་ཅིན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་པའི་ཉིནམ་ལས་ར་ རྩིས་ཁྲའི་ ལག་བྲིས་ བསྒྱུར་བཅོས་འབད་ནུག་ཟེར་ཨིན་པས།
འབྲུག་དངུལ་ཁང་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སངས་རྒྱས་བསྟན་འཛིན་ལུ་ གློག་རིག་ཡོངས་འབྲེལ་ ཐོག་ལས་ དངུལ་ཁང་གི་ཞབས་ཏོག་ ཡོད་མེད་ར་མ་ཤེས་ཟེར་ཨིན་པས།
འབྲུག་དངུལ་ཁང་གིས་འབད་བ་ཅིན་ ལྷ་འཛིན་པར་སྐྲུན་གྱི་ དངུལ་ཁང་རྩིས་ཁྲ་ནང་ལས་ དངུལ་འབྲེལ་ཁེ་དབང་ དངུལ་འཛིན་དེབ་དང་ དངུལ་བཏོན་འབྲི་ཤོག་ དེ་ལས་ དབང་ཆ་སྤྲོད་པའི་ ཡི་གུ་ཚུ་གི་ཐོག་ལས་ དངུལ་ཕུད་རྡོག་༡ ར་ བྱང་སྟོར་མ་ཤོར་བས་ཟེར་ཨིན་པས།
རྩིས་ཁྲ་འཆང་མི་ ཚོང་མགྲོན་པའི་ཁ་ཐུག་ལས་ གློག་རིག་ཡོངས་འབྲེལ་ཐོག་ལས་ དངུལ་ཁང་གི་ ཞབས་ཏོག་དང་ ཞབས་ཏོག་གཞན་ཚུ་ བཀག་ཆ་འབད་དགོཔ་སྦེ་ མ་སླབ་ཚུན་ དངུལ་ཁང་ལས་བྱེདཔ་ཚུ་ལུ་ བདག་དབང་མེད་ཟེར་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ ལྷ་འཛིན་པར་སྐྲུན་ སངས་རྒྱས་དབང་འདུས་ལུ་ བཙོང་ཚར་བའི་ཤུལ་ལུ་ དངུལ་ཀྲམ་ས་ཡ་༢.༢༣ ལྷགཔ་ཅིག་ ཡོངས་འབྲེལ་ཞབས་ཏོག་ཐོག་ལས་ ལྷ་འཛིན་གྱི་ རྩིས་ཁྲ་ནང་ལས་ བཏོན་ཡོདཔ་ཨིན་པས།
བསྟན་འཛིན་དབང་འདུས་ཀྱིས་ སྤྱི་ལོ་༢༠༡༣ ཟླཝ་༡ པའི་ནང་ དངུལ་ཁང་ལས་ ཏི་རུ་བྱང་སྟོར་ཤོར་ཡོདཔ་ ཤེས་པའི་ཤུལ་ལུ་ འབྲུག་དངུལ་ཁང་ནང་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
འབྲུག་དངུལ་ཁང་གི་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མིའི་ གནད་དོན་གཅིགཔོ་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ འབྲུག་དངུལ་ཁང་གིས་ བསྟན་འཛིན་དབང་འདུས་ལུ་ དངུལ་ཀྲམ་༢༢༢,༣༣༠ སྐྱེད་དང་སྦྲགས་ཏེ་ འཁྲུད་ཆོད་བཏོན་པའི་ཉིནམ་ལས་ ཉིན་གྲངས་༣༠ གི་ནང་འཁོད་ལུ་ སྤྲོད་དགོཔ་སྦེ་ འཁོད་ཡོདཔ་ཨིན་རུང་ སངས་རྒྱས་བསྟན་འཛིན་གྱིས་ འབྲུག་དངུལ་ཁང་ལུ་ ནམ་སྤྲོད་དགོཔ་ཨིན་ན་ ཁ་གསལ་སྦེ་ འཁོད་དེ་མིན་འདུག་ཟེར་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མིའི་ནང་ ཁོ་གིས་ ལྷ་འཛིན་རྩིས་ཁྲ་ནང་ལས་ ཏི་རུ་དེ་ ཨརཝ་རྐུ་རྐུཝ་མེན་ཟེར་ཨིནམ་ད་ ཁོ་གིས་ ལྷ་འཛིན་པར་སྐྲུན་གྱི་ བགོ་བཤའ་བརྒྱ་ཆ་༡༠ འཆང་མི་ཅིག་ཨིནམ་ལས་ ཁོ་ལུ་ པར་སྐྲུན་གྱི་ བདག་དབང་དུམ་གྲ་ཅིག་ཡོད་ཟེར་མནོ་སྟེ་ འབད་འབདཝ་ཨིན་ཟེར་ཨིན་པས།
ཨིན་རུང་ བསྟན་འཛིན་དབང་འདུས་ཀྱིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ འབྲུག་དངུལ་ཁང་གིས་ ལག་བྲིས་བསྒྱུར་བཅོས་འབད་མི་དང་འཁྲིལ་ དངུལ་ཁང་གི་ ཁེ་དབང་ དངུལ་འཛིན་དེབ་དང་ དངུལ་བཏོན་འབྲི་ཤོག་ དེ་ལས་ དབང་ཆ་སྤྲོད་པའི་ ཡི་གུ་ཚུ་གི་ཐོག་ལས་རྐྱངམ་གཅིག་ བཀག་ཆ་འབདཝ་ཨིན་ཟེར་མི་དེ་ མི་བཏུབ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བདག་དབང་གི་ ཁེ་དབང་ཟེར་བའི་བསྒང་ལས་ དངུལ་ཁང་གི་ ཁ་ཐུག་ལས་ སྤྲོད་མི་ཞབས་ཏོག་ག་ར་ ཚུད་དགོཔ་མ་ཚད་ ཚོང་མགྲོན་པའི་ རྩིས་ཁྲ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ལུ་ དམིགས་གཏད་བསྐྱེད་དགོཔ་འདུག་ཟེར་ཨིན་པས།
ལག་བྲིས་བསྒྱུར་བཅོས་འབད་བའི་སྐབས་ ལྷ་འཛིན་པར་སྐྲུན་གྱི་ ཞབས་ཏོག་ག་ཅི་ར་ ཐོབ་སྟེ་ཡོདཔ་ཨིན་ན་ཚུ་ ག་ར་གཅིག་ཁར་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་ཁྲིམས་འདུན་ལས་ སངས་རྒྱས་བསྟན་འཛིན་ལུ་ བཙོན་ཁྲིམས་ལོ་༦ བཀལ་མི་དེ་ ཆེ་མཐོ་ཁྲིམས་འདུན་ལས་ ལོ་༥ ལུ་ མར་ཕབ་འབད་ཡོདཔ་ལས་ ད་ལྟོ་ སངས་རྒྱས་བསྟན་འཛིན་ཁོ་ར་ བཙོན་ཁྲིམས་འབག་པའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment