གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ནང་ ཁྱད་ལྡན་གྱི་ མི་ངོ་༥ རང་འཇགས་གདམ་ཁ་གྲུབ་ཡོདཔ།

 ༠༩/༠༥/༢༠༡༣  ནངས་པ་ ཞལ་འཛོམས་དང་པ་འཚོགསཔ་དང་འབྲེལ་ ཚོགས་སྡེའི་ཁྲི་འཛིན་གོང་འོག་༢ བཙག་འཐུ་འབད་ནིའི་དོན་ལུ་ ད་རིས་ གདམ་ངོ་ཚུ་བཏོན་ནི།

ཀརྨ་དམ་ཆོས་དངོས་གྲུབ།
༉ སྤྱི་ཟླ་༥ པའི་ཚེས་༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གནང་ཐོག་ལས་ ཧེ་མའི་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་ མི་ངོ་༥ པོ་ཆ་ར་ ལོག་གདམ་ཁ་གྲུབ་གནང་མི་དང་བསྟུན་ བསྐྱར་ཞིབ་ཚོགས་ཁང་ནང་ རྫོང་ཁག་༢༠ ལས་ བཙག་འཐུ་གྲུབ་མི་ཚུ་རྩིས་ཏེ་ འཐུས་མི་༢༥ ཆ་མཉམ་ཚང་ཡོདཔ་ཨིན་པས། 
འབྲུག་རྒྱལ་པོ་མཆོག་གིས་ ཧེ་མའི་ ཁྱད་ལྡན་གྱི་ མི་ངོ་ཨམ་སྲུ་༢ རྩིས་ཏེ་ འཐུས་མི་༥ རང་འཇགས་གདམ་ཁ་གྲུབ་གནང་མི་དེ་ཡང་ དྲགོས་ཀརྨ་འོད་ཟེར་རལ་གྲི་དང་ ཀུན་ལེགས་ཚེ་རིང་ ཀརྨ་དམ་ཆོས་དངོས་གྲུབ་ བཀྲིས་དབང་མོ་ བཀྲིས་དབང་རྒྱལ་ཚུ་ཨིན་པས།
དྲགོས་ཀརྨ་འོད་ཟེར་རལ་གྲི།

ད་རུང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༠ པའི་རྩ་དོན་༥ པའི་དགོངས་དོན་དང་འཁྲིལ་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་ཐོག་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཞལ་འཛོམས་དང་པ་དེ་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ འཚོགས་གནང་དགོཔ་སྦེ་ བཀའ་རྒྱ་གནང་ཡི་ཟེར་ རྒྱལ་ཡོངས་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཀུན་ལེགས་ཚེ་རིང་།
རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་སྤྲོད་མི་ བཙག་འཐུའི་ལག་ཁྱེར་དང་བཅས་ ད་རིས་དྲོ་པའི་ཆུ་ཚོད་༩.༣༠ ལུ་ བསྐྱར་ཞིབ་ཚོགས་ཁང་ནང་ ཐོ་བཀོད་དང་ གསལ་བཤད་ཀྱི་དོན་ལུ་ འཛོམས་དགོཔ་ཨིན་ཟེར་ ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་ནོར་བུ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
འཐུས་མི་ཚུ་ ཐོ་བཀོད་འབད་ཞིནམ་ལས་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཙག་འཐུའི་བྱ་རིམ་ཚུ་ གསལ་བཤད་འབད་བའི་ཤུལ་ལུ་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ བཙག་འཐུ་འགྲུབ་ནི་ཨིན་མི་ ཚོགས་སྡེའི་ཁྲི་འཛིན་གོང་འོག་གཉིས་ཀྱི་ གདམ་ངོ་ཚུ་ བཏོན་ནི་ཨིན་པས།
བཀྲིས་དབང་མོ།
ཞལ་འཛོམས་ཀྱི་སྐབས་ལུ་ ཁྱད་ལྡན་གྱི་ མི་ངོ་༥ དང་ རྫོང་ཁག་ཉི་ཤུ་རེ་རེ་བཞིན་གྱི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བཙག་འཐུ་གྲུབ་པའི་ འཐུས་མི་ཚུ་གི་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་བཙག་འཐུ་འབད་ནི་ཨིནམ་ད་ དེ་གི་ཤུལ་ལས་ འཐུས་མི་ཚུ་གིས་ རང་སོའི་ཁག་འགན་མ་ལེན་པའི་ཧེ་མར་ འབྲུག་གི་ཁྲིམས་སྤྱི་བློན་པོ་ལུ་ གོ་གནས་ཀྱི་ དམ་བཅའམ་ ངོས་ལེན་ཕུལ་ནི་དང་ ཁྲི་འཛིན་གོང་འོག་གཉིས་ཀྱིས་ གསང་བའི་དམ་བཅའམ་ ངོས་ལེན་ཕུལ་ནི་ཨིན་ཟེར་ ཚེ་དབང་ནོར་བུ་གིས་ སླབ་ཨིན་པས།
སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་པའི་སྐབས་ འཐུས་མི་༢༠ བཙག་འཐུ་གྲུབ་མི་ལས་༦ འཐུས་མི་བགྲེསཔ་ཨིནམ་ད་ བཙག་འཐུ་དེ་ནང་ འཐུས་མི་བགྲེསཔ་༡༥ གིས་ ལོག་དོ་འགྲན་འབད་ཡོདཔ་ཨིན།
བཀྲིས་དབང་རྒྱལ
ད་རིས་ཀྱི་ ཚོགས་སྡེའི་ནང་ འཐུས་མི་བཙག་འཐུ་གྲུབ་མི་ཚུ་གི་གྲས་ལས་ གཞོན་ཤོས་ར་ མོང་སྒར་རྫོང་ཁག་ལས་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་དབང་ཕྱུག་དེ་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འདེམས་ངོ་༦༧ གྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ། 
                                            རིག་འཛིན་དབང་ཕྱུག།

No comments:

Post a Comment