གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༩/༥/༢༠༡༣   སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གི་ རྩོད་བསྡུར་དང་ གསལ་བཤད་ལས་རིམ་ལུ་ནན་ཞིབ།
༉ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་དོན་ལུ་ ཁ་ཙ་ ཕྱི་རུ་ལས་ སྲིད་དོན་ཚོགས་པ་༤ གི་ གཙོ་འཛིན་ཚུ་གིས་ རང་སོའི་སྲིད་ཚོགས་ཀྱི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ རྒྱང་མཐོང་ཊི་བི་ཐོག་ལས་ རྒྱལ་ཡོངས་ལུ་ གསལ་སྟོན་འབད་མི་དེ་ བལྟ་ནི་དང་ ཉན་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ཞུ་ནི།



སྲིད་དོན་ཚོགས་པ་༤ པོ་ཆ་རའི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ ཉན་ལྟཝ་ད་ གནད་དོན་རེ་གཉིས་མ་གཏོགས་ ག་ར་ཅོག་འཐདཔ་མཚམས་ཨིན་རུང་ དེ་གི་གྲས་ལས་ སྲིད་ཚོགས་ཅིག་གི་ ཁས་བླངས་གསལ་བསྒྲགས་ག་ཅི་ཨིན་ན་ གསལ་བཤད་མ་འབདཝ་ལས་ ཧ་གོ་མ་ཚུགས།
སྲིད་ཚོགས་མང་ཤོས་ཀྱི་ ཁས་བླངས་གསལ་བསྒྲགས་ཚུ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཡོདཔ་བཟོ་ནི་དང་ ཕྱུགཔོ་དང་སྤྱང་ཀའི་བར་ན་ ཁྱད་པར་མར་ཕབ་འབད་ནི་ དེ་ལས་ གྲོང་གཡུས་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་དང་ གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས་ཟེར་ཞུ་ནི།
འདི་འབདཝ་ད་ སྲིད་ཚོགས་ཆ་མཉམ་གྱིས་ ན་གཞོན་གྱི་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ཐབས་འབད་ནི་ཨིན་ཟེར་ མི་མང་ལུ་ གསལ་བསྒྲགས་འབདཝ་ད་ ང་ལུ་ དོགས་སྣང་ཆུང་ཀུ་ཅིག་ བྱུང་མི་དེ་ཡང་ ཤུལ་མའི་ལོ་༥ གི་ནང་འཁོད་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ ལཱ་གཡོག་འཚོལ་མི་ ན་གཞོན་ཕོ་མོ་༡༤༠,༠༠༠ དེ་ཅིག་ འཐོན་ནི་ཨིན་མི་ ཆ་མཉམ་ལུ་ ལཱ་གཡོག་ག་དེ་སྦེ་ སྤྲོད་ཚུགས་ག་ཟེར་ ཚ་གྱང་ཡོད་ཟེར་ཞུ་ནི། ག་འཆརཔ་ཟེར་བ་ཅིན་ འབྲུག་གི་ཐོན་ཁུངས་དང་ ལཱ་གཡོག་གི་ ཁྱབ་ཚད་ཚད་ལྡན་ཅིག་ལས་བརྒལ་མེདཔ་ལས་ ན་གཞོན་ག་ར་ལུ་ ལཱ་གཡོག་སྤྲོད་མི་ཚུགསཔ་འོང་ཟེར་ཞུ་ནི།
ཨིན་རུང་ དེ་བཟུམ་མའི་ རྩོད་བསྡུར་ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ མི་མང་ལུ་ འགོ་ཐོག་བཙག་འཐུའི་སྐབས་ སྲིད་ཚོགས་ག་དང་ག་ར་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་ནི་ལུ་ ཕན་ཐོགས་བྱུངམ་མ་ཚད་ ག་དྲགཔ་ཨིན་ན་ དབྱེ་དཔྱད་འབད་ནི་གི་ གྲོས་གནས་ཅིག་ཡང་ བྱིནམ་མས་ཟེར་ཞུ་ནི།
ཁ་ཙ་ ཕྱི་རུའི་རྩོད་བསྡུར་ལས་རིམ་དང་ དྲི་བ་དྲིས་ལན་ཚུ་ལུ་ལྟཝ་ད་ ང་བཅས་རའི་ འགོ་ཁྲིདཔ་ཚུ་ གཅིག་བ་གཅིག་དྲགཔ་སྦེ་ གསལ་སྟོན་འབདཝ་ལས་ ངལ་རངས་སྦོམ་ བྱུང་ཡི་ཟེར་ཞུ་ནི།
ཨིན་རུང་ ང་བཅས་མི་སེར་ཚུ་གིས་ ཐུགས་ཁར་བསྣམ་དགོཔ་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་གིས་ སླབ་དོ་བཟུམ་ འགོ་ཁྲིདཔ་ག་དྲག་ག་ལྕོགས་མི་ལུ་ ཚོགས་རྒྱན་བཙུགས་ཐོག་ལས་ རྒྱལ་ཁབ་འདི་ གོམ་པ་མདུན་ཕྱོགས་ལུ་ སྤོ་ནི་དང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་ལྷག་པར་དུ་ སྒྲིང་སྒྲིང་བཟོ་ནི་དེ་ གལ་ཆེ་ཟེར་ཞུ་ནི།
འདི་འབདཝ་ལས་ ང་བཅས་འབྲུག་པའི་མི་སེར་ཡོངས་ལུ་ གཞུང་སྒྲིང་སྒྲིང་ཅིག་ བཙག་འཐུ་འགྲུབ་ནི་གི་ འགན་ཁུར་ཕོག་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཚོགས་རྒྱན་གྱི་ཉིན་མར་ རང་གི་ནོརབུ་རིན་པོ་ཆེ་དེ་ འཕྲོ་བརླག་མ་བཏང་པར་ དོན་སྨིན་ཅན་སྦེ་ བསྟར་སྤྱོད་འབད་གནང་ཟེར་ ཞུ་ནི་དང་ སྤྱི་ལོ་༢༠༡༣ གྱི་བཙག་འཐུའི་བྱ་རིམ་ཚུ་ རྐྱེན་དང་བར་ཆད་ག་ནི་ཡང་མེད་པར་ ལེགས་ཤོམ་འགྱོ་བཅུག་ཟེར་བའི་ སྨོན་ལམ་བཏབ་
པདྨ་རྡོ་རྗེ་དང་ ཚེ་རིང། ལྕང་ཟམ་ཏོག། ཐིམ་ཕུ།

No comments:

Post a Comment