གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐང་རོང་ལུ་ སྤྱིར་བཏང་གྲོས་འཛོམས།

༡༥/༠༥/༢༠༡༣  ཁ་ཙ་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ ཐང་རོང་ལུ་ སྲིད་དོན་ཚོགས་པ་༤ གི་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་སར་འགྱོ་མི་ རྒེད་འོག་དེ་གི་ མཐའ་ཟུར་སྤྱི་འོག་ སྤང་ལེམ་བའུ་ཅི་གླིང་གི་ སོ་ནམ་པ་ཚུ་ ལམ་བར་ན་ ངལ་འཚོ་སྡོད་པའི་སྐབས་ ཆུ་བགོ་སྟེ་ འཐུང་པའི་མཐོང་སྣང་། 
སྤྱིར་བཏང་གྲོས་འཛོམས་ཁང་ནང་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་གི་རིང་ རྐང་སྟོང་སྦེ་འགྱོ་མི་ ཅང་ཤིང་དགོན་པ་དང་ སྤང་ལེམ་བའུ་ཅི་གླིང་སྤྱི་འོག་༢ ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ བཙག་འཐུ་ཚུ་ལུ་ ཁོང་རའི་ སོ་ནམ་གྱི་ ལཱ་བཟུམ་སྦེ་ར་ གལ་ཆེ་ཧིང་དང་ བརྩི་མཐོང་འདྲ་མཉམ་བྱིན་དོ་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment