གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནི་མེདཔ།

༠༦/༠༥/༢༠༡༣  འཕྲལ་གྱི་གནས་ཚུལ།

དོ་འགྲན་ཁས་ལེན་ཡི་གུ་ ཆ་མེད་བཏང་པའི་ཤུལ་ལས་ ཚོགས་པའི་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ འཐུས་མི་ཚུ་དང་ གྲོས་བསྟུན་འབད་བའི་བསྒང་།
༉ ད་རིས་ ཕྱི་རུའི་ཆུ་ཚོད་༨.༣༠ དེ་ཅིག་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བྷུ་ཊཱན་ཀུན་མཉམ་པར་ཊིའི་ དོ་འགྲན་ཁས་ལེན་ཡི་གུ་དེ་ ཆ་མེད་བཏང་ཡོདཔ་ལས་ སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ མཐར་འཁྱོལ་བྱུང་མ་ཚུགས་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ སྲིད་ཚོགས་དེ་ འགོ་ཐོག་བཙག་འཐུའི་དོན་ལུ་ ངོས་ལེན་འབད་མ་ཚུགས་མི་དེ་ཡང་ ཚོགས་པ་ལུ་ མགར་ས་རྫོང་ཁག་གི་ འདེམས་ཁོངས་གཉིས་ཆ་ར་ལས་ འདེམས་ངོ་མེདཔ་མ་ཚད་ རྫོང་ཁག་དེ་ནང་ ཚོགས་པ་ལུ་ ཐོ་བཀོད་འབད་མི་ མི་ངོ་༢ ཡོད་མི་ལས་༡ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་མེན་པས་ཟེར་བཀོད་ནུག།
ཚོགས་པ་དེ་ ཆ་མེད་བཏང་མི་དང་བསྟུན་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་ཉིན་མར་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་ མི་སེར་དམངས་གཙོའི་ཚོགས་པ་འབདཝ་ད་ སྲིད་ཚོགས་༤ གིས་ དོ་འགྲན་འབད་ནི་ཨིན་པས།
ཨིན་རུང་ བྷུ་ཊཱན་ཀུན་མཉམ་པར་ཊི་དེ་ ཐོ་བཀོད་གྲུབ་པའི་ སྲིད་ཚོགས་ཅིག་ཨིནམ་ལས་ དེ་ལུ་ བསྒྱུར་བཅོས་མེད་པར་ དེ་སྦེ་ར་ གནས་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཚོགས་པའི་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ལས་ ངོས་ལེན་མ་གྲུབ་མི་ལུ་ སེམས་ཕམ་སྦོམ་བྱུང་ཡོད་རུང་ གནད་དོན་དེ་ མཇུག་མ་བསྡུཝ་ལས་ ཞུ་གཏུགས་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིག་ མགར་ས་ལས་ འོས་འབབ་ཅན་གྱི་ འདེམས་ངོ་འཐོབ་ནི་ལུ་ གནམ་མེད་ས་མེད་ ལཱ་ཁག་འདུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ སྤྱི་ལོ་༢༠༡༠ ལས་ར་ འདེམས་ངོ་འཚོལ་རུང་ ཐོབ་མ་ཚུགས་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment