གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་༤༧ ཚངམ་ལས་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ཚུགས་ནི།

༧/༥/༢༠༡༣   ༉ ཁ་ཙ་ འགོ་ཐོག་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མི་ སྲིད་ཚོགས་༤ ལས་༡ ཨིན་མི་འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཟླ་༥ པའི་ཚེས་༥ ལུ་ འདེམས་ངོ་༥ གི་ ངོ་སྤྲོད་འབད་ཐོག་ལས་འདེམས་ངོ་༤༧ ཚང་ནུག།


རྒྱ་མཚོ་དབང་རྒྱལ།
སྐྱེས་ལོ་༢༦ ལང་མི་ རྒྱ་མཚོ་དབང་རྒྱལ་གྱིས་ ཚོགས་པའི་འདེམས་ངོ་སྦེ་ སྤ་རོ་ལམ་གོང་-ཝང་ལྕང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
ཁོ་རའི་ ཆ་རོགས་དང་ ཕམ་སྤུན་ཆ་ཚུ་གིས་ ཁོ་ལུ་ སྲིད་དོན་ཚོགས་པ་ནང་ བཅའ་མར་གཏོགས་ནིའི་ སེམས་ཤུགས་བསྐྱེད་བཅུག་ནི་དེ་གིས་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
རྒྱ་མཚོ་དབང་རྒྱལ་གྱིས་ རྒྱ་གར་ ཀེ་ལིམ་པོང་ལས་ བརྡ་དོན་འཕྲུལ་རིག་ནང་ མཐོ་རིམ་ཤེས་ཡོན་ལྷབ་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༠ ལུ་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་པའི་ཤུལ་ལུ་ འབྲུག་པའི་ གློག་བརྙན་ནང་ འཁྲབ་རྩེདཔ་སྦེ་ བཅའ་མར་གཏོགས་ཡོདཔ་མ་ཚད་ འབྲུག་མཁའ་འགྲུལ་ནང་ ཟླ་ངོ་༣ གྱི་རིང་ ལཱ་གཡོག་གི་ སྦྱང་བ་འབད་ཡོདཔ་བཞིན་དུ་ ད་ལྟོ་ བཟའ་ཚང་གི་ ཚོང་ལཱ་འཐབ་སྡོད་དོ་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ བཙག་འཐུ་འགྲུབ་པ་ཅིན་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
པདྨ་བདེ་ཆེན།
པདྨ་བདེ་ཆེན་གྱིས་ མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ཀྱི་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༢༦ ལང་མི་ པདྨ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ དཔལ་འབྱོར་དང་ ས་ཆ་རིག་པའི་ནང་ མཐོ་རིམ་ཤེས་ཡོན་སྦྱང་པའི་ཤུལ་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ ཟླ་ངོ་༣ གྱི་རིང་ ལཱ་འབད་ཡོདཔ་ཨིན་པས།
པདྨ་བདེ་ཆེན་ལུ་ གོ་སྐབས་བྱིན་པ་ཅིན་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནི་ཟེར་ཨིན་པས།
མོ་ར་ བཙག་འཐུ་འགྲུབ་པ་ཅིན་ མཐའ་ཟུར་གོང་འཕེལ་དང་ མཐའ་ཟུར་ལས་ ཁྲོམ་ཁར་གནས་སྤོ་འོང་ནི་དེ་ མར་ཕབ་འབད་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།

ཕུན་ཚོགས་དབང་འདུས།
སྐྱེས་ལོ་༢༧ ལང་མི་ ཕུན་ཚོགས་དབང་འདུས་ཀྱིས་ དབང་འདུས་ཉི་ཤུ་-སྲས་ཕུག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
ཕུན་ཚོགས་དབང་འདུས་ཀྱིས་ འབྲུག་ལྟ་བཤལ་ལས་འཛིན་ནང་ རྩིས་འཛིན་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་མ་ཚད་ ལྟ་བཤལ་ལམ་སྟོན་པ་སྦེ་ཡང་ ལཱ་འབད་ནུག།
ཁོ་གིས་ སྤྱི་ལོ་༢༠༡༢ ལས་ར་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ གྲ་སྒྲིག་འབད་ཡོདཔ་བཞིན་དུ་ གོང་འཕེལ་གྱི་ ལཱ་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
རྩིས་རིག་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་གི་ ཚོགས་པའི་དམིགས་དོན་དེ་ར་ མི་སེར་ལུ་ ཕྱག་ཞུ་ནི་དེ་ཨིནམ་ལས་ ཁོ་གིས་ མཉམ་རུབ་ནང་ འཛུལ་ནིའི་བློ་ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།

བསྟན་འཛིན།
མགར་ས་ དགོན་ཁ་སྟོད་-ལ་ཡ་འདེམས་ཁོངས་ལས་ བསྟན་འཛིན་གྱིས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
བསྟན་འཛིན་གྱིས་འབད་བ་ཅིན་ ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་སྟེ་འབད་རུང་ ཁོ་གི་ རྒེད་འོག་གི་ མི་སེར་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།
བསྟན་འཛིན་གྱིས་ སྤྱི་ལོ་༢༠༠༨ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
བསྟན་འཛིན་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ གོང་འཕེལ་འདྲ་མཉམ་སྦེ་གཏང་ནི་དེ་ ཁོ་རའི་ དམིགས་གཏད་གཙོ་བོ་ཅིག་ཨིན་ཟེར་ཨིན་པས།

ཌོག་ཊར་ བློ་གྲོས་ཚེ་རིང་།
ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྷོ་ཐིམ་ཕུའི་ འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
སྲིད་དོན་ཚོགས་པ་ནང་འཛུལ་མི་ མཇུག་ཅིག་ཨིན་མི་ ཌོག་ཊར་ བློ་གྲོས་ཀྱིས་འབད་བ་ཅིན་ ཚོགས་པའི་ལྟ་བ་དེ་ཡང་ མི་སེར་ལུ་ ཕྱག་ཞུ་ནི་དེ་ཨིནམ་ལས་ ཁོ་ར་ མི་སེར་ལུ་ ཕྱག་ཞུ་ནིའི་སྤྲོ་བ་ཡོདཔ་ལས་ དེ་ནང་འཛུལ་ཡི་ཟེར་ཨིན་པས།
ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ དངུལ་ཀྲམ་ས་ཡ་༦.༢ སྤྲོད་དེ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ད་ གཞུང་ལུ་ཏི་རུ་སྤྲོད་དགོ་མི་དེ་ཡང་ ཁོ་ར་ ཕྱི་རྒྱལ་ལུ་ སློབ་སྦྱོང་འབད་བའི་ ཟད་འཐུས་ཚུ་ཨིན་པས།
པདྨ་བཟང་མོ།
པདྨ་བཟང་མོ་གིས་ ཀྲོང་གསར་བྲག་སྟེང་-གླང་མཐིལ་གྱི་ ཨྱོན་སྒྲོལ་མ་གི་ཚབ་སྦེ་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༢༨ ལང་མི་ པདྨ་གིས་འབད་བ་ཅིན་ མོ་གིས་ སྲིད་དོན་ཚོགས་པ་ནང་ འཛུལ་དགོ་མི་དེ་ར་ ཨམ་སྲུ་དང་ ཨ་ལུ་གི་ དཀའ་ངལ་བསལ་ནི་ལུ་ དམིགས་པ་བསྐྱེད་དེ་ ལཱ་འབད་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
པདྨ་བཟང་མོ་གིས་ རྒྱ་གར་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ འབྲུག་གོང་འཕེལ་དངུལ་ཁང་ནང་ ཟླཝ་༦ ལཱ་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment