གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྐྱིན་འགྲུལ་མེད་མི་ལུ་བརྟེན་ ཁྲོམ་སྡེ་གོང་འཕེལ་ལུ་བར་ཆད།

༨/༥/༢༠༡༣   ༉ ཉེ་འདབས་ཀྱི་རྫོང་ཁག་ཚུ་ནང་ ཁྲོམ་ཚོགས་གོང་འཕེལ་ རྒྱ་ཆེ་དྲགས་སྦེ་ར་ འགྱོ་དོ་ཡོདཔ་ཨིན་རུང་ མཐའ་ཟུར་གྱི་རྫོང་ཁག་ ལྷུན་རྩེ་ཁྲོམ་དེ་ གོང་འཕེལ་འགྱོ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས།
 དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ དངུལ་འབྲེལ་ལས་ཁང་ཚུ་ལས་ ཁྱིམ་རྐྱབ་ནི་གི་ བསྐྱིན་འགྲུལ་མེདཔ་ལས་བརྟེན་ཨིན་པས།

སྒྲིང་ཁྱིམ་༢ ལས་མ་བསྒྲུབས་མི་ ལྷུན་རྩེའི་ཁྲོམ་གསར་པའི་མཐོང་སྣང་།


དེ་ཡང་ ལྷུན་རྩེ་ཁྲོམ་གྱི་ཚོང་པ་ཚུ་གིས་ ད་ལྟོའི་བར་ན་ཡང་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་ཧེ་མ་ལས་རྐྱབ་མི་ སྦ་སྒོར་ནང་སྡོད་དེ་ ཟ་འཐུང་དང་ ཅ་ཆས་ཚུ་ ཚོང་འབྲེལ་འཐབ་དོ་ཡོདཔ་མ་ཚད་ རྫོང་ཁག་དེ་ནང་གི་ ཞི་གཡོགཔ་ཚུ་འབད་རུང་ སྡོད་ཁྱིམ་མེདཔ་ལས་ ཁོང་ར་གིས་ རྐྱབ་མིའི་ སྦ་སྒོར་ཚུ་ནང་ སྡོད་དོ་ཡོདཔ་ཨིན་པས།
མ་གཞི་ ཁྲོམ་ཚོགས་གོང་འཕེལ་གྱི་དོན་ལུ་ ད་ལྟོ་ཡོད་མི་ཁྲོམ་གྱི་ལྟག་ལུ་ ས་གནས་ ཕག་གླིང་ཟེར་ས་ སྤྱི་ལོ་༢༠༠༤ དང་༢༠༠༥ ལས་ར་ ཁྲོམ་ས་ ངོས་འཛིན་འབད་ཡོདཔ་མ་ཚད་ འཁོར་ལམ་དང་ འཐུང་ཆུ་ དེ་ལས་ གྱང་རྩིག་ཚུ་རྐྱབ་ཡོད་རུང་ ད་ཚུན་ ཁྱིམ་རྐྱབ་མ་ཚུགས་པར་ལུས་མི་དེ་ དང་པ་ ས་ཁྲ་གིས་ སྟབས་མ་བདེཝ་ཐོན་ཡོདཔ་མ་ཚད་ དངུལ་འབྲེལ་ལས་ཁང་ཚུ་ལས་ བསྐྱིན་འགྲུལ་མེད་མི་ལུ་བརྟེན་ ཧེང་སྐལ་ར་ གནས་སྟངས་དེ་ སྐྱོ་དྲགས་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ ཚོང་པ་༣ དེ་ཅིག་གིས་ ཁྱིམ་རྐྱབ་ནི་ འགོ་བཙུགས་ཡོད་མིའི་གྲས་ལས་ སྒྲིང་ཁྱིམ་༢ བསྒྲུབས་ཚར་ཡོདཔ་ད་ གཞན་མི་༡ ཡང་ ཧ་ལམ་ བསྒྲུབ་རན་ཁར་ ལྷོད་དེ་ཡོདཔ་ཨིན་པས།
ཚོང་པ་ བདེ་ཆེན་དབང་མོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མ་གཞི་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ ཅ་ཆས་ཚུ་སྐྱེལ་ཡོད་རུང་ བར་སྐབས་ཅིག་ལས་ དངུལ་འབྲེལ་ལས་ཁང་ཚུ་གིས་ བསྐྱིན་འགྲུལ་བྱིན་ནི་མེདཔ་ལས་བརྟེན་ ཕྱིར་འགྱངས་སྦེ་ ལུས་སོ་ཡི་ཟེར་ཨིནམ་ད་ གལ་སྲིད་ ལཱ་འགོ་བཙུགས་ཏེ་འབད་རུང་ གཞུང་ལས་བསྐྱིན་འགྲུལ་མེད་པ་ཅིན་ མཇུག་བསྡུ་མ་ཚུགས་པའི་ ཚ་གྱང་ལུ་བརྟེན་ ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལྷུན་རྩེ་རྫོང་ཁག་དེ་ མཐའ་ཟུར་གྱི་རྫོང་ཁག་ཅིག་འབད་མི་ལུ་བརྟེན་ ཚོང་ཉོ་མི་ཡང་ ཉུང་སུ་ཅིག་ལས་བརྒལ་ འོང་ནི་མེདཔ་ལས་ ཚོང་འབྲེལ་འཐབ་མི་གིས་ འཚོ་བ་སྐྱོང་ཚུགསཔ་ཙམ་ཅིག་མ་གཏོགས་ སྒྲིང་ཁྱིམ་རྐྱབ་ཚུགས་པའི་ འོང་འབབ་མེད་ཟེར་ཨིན་པས།
སྐྱེས་ལོ་༦༠ ལང་མི་ ཚོང་པ་བདེ་ཆེན་བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ཡང་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ རྡོ་ཚུ་སྐྱེལ་ཡོད་རུང་ ལཱ་འགོ་བཙུགས་ མ་ཚུགས་ཟེར་ཨིན་པས།
ཚོང་པ་མང་ཤོས་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མ་གཞི་ དངུལ་འབྲེལ་ལས་ཁང་ཚུ་ལས་ ཁྱིམ་རྐྱབ་ནིའི་དོན་ལུ་ བསྐྱིན་འགྲུལ་དེ་ ཧེ་མ་བཟུམ་སྦེ་འཐོབ་པ་ཅིན་ ལྷུན་རྩེའི་ཚོང་པ་ཚུ་གིས་ཡང་ ཁྲོམ་ངོས་འཛིན་འབད་མིའི་ས་ཁོངས་ནང་ སྒྲིང་ཁྱིམ་ཚུ་ རྐྱབ་རྐྱབ་འོང་ཟེར་ཨིན་པས།
ལྷུན་རྩེ་ཁྲོམ་གྱི་འཐུས་མི་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ ཚོང་པ་༢༨ དེ་ཅིག་ལུ་ སྒྲིང་ཁྱིམ་རྐྱབ་ནིའི་ ས་ཆ་ཐོབ་སྟེ་ཡོདཔ་མ་ཚད་ ད་རུང་ ཚོང་པ་༧ གྱིས་ ཞུ་ཡིག་བཙུགས་ཏེ་ ཡོད་ཟེར་ཨིན་པས།
སྒྲིང་ཁྱིམ་རྐྱབ་ཚར་མི་ སྐྱེས་ལོ་༤༥ ལང་མི་ ཚེ་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ སྒྲིང་ཁྱིམ་བསྒྲུབ་ནི་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༥༥ ལྷགཔ་ཅིག་སོང་ཡི་ཟེར་ཨིནམ་ད་ ཕྱི་ནང་མེད་པར་ བསྒྲུབས་དགོ་པ་ཅིན་ ཟད་འགྲོ་དངུལ་ཀྲམ་འབུམ་༧༥ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཚོང་པ་ཚུ་གིས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་ཕུལ་ཡོདཔ་ལས་ རྫོང་ཁག་གི་ཁ་ཐུག་ལས་འབད་རུང་ སྟབས་མ་བདེ་བའི་སྐོར་ལས་ འབྲེལ་ཡོད་ལྷན་ཁག་ལུ་ ཡི་གུ་ཅིག་ཕུལ་དགོཔ་སྦེ་ བཀའ་གནང་ཡོདཔ་ལས་ རྫོང་ཁག་གིས་ ལྷན་ཁག་ལུ་ ཡི་གུ་ཕུལ་ཡོད་རུང་ ལན་གསལ་ཅིག་ མ་འཐོབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོང་པ་ཚུ་ལུ་ རྫོང་ཁག་བདག་སྐྱོང་གི་ ཁ་ཐུག་ལས་ རྒྱབ་སྐྱོར་ག་དེ་དྲག་དྲག་ འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིནམ་ད་ ད་རེས་ནངས་པ་ ལྷུན་རྩེ་ཁྲོམ་ཁར་ ཚོང་པ་༣༥ དེ་ཅིག་ཡོད་མི་ཚུ་ནང་ ཚོང་མགྲོན་པ་ཚུ་ ཀུར་སྟོད་དང་ སྒང་ཟུར་ དེ་ལས་ མཁོ་མང་རྒེད་འོག་ཚུ་ལས་འོངམ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment