གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་སྤྱི་བརྒྱུད་འབྲེལ་གྱི་ཉིནམ་བརྩི་སྲུང་།

འབྲུག་བརྒྱུད་འཕྲིན་གྱིས་ ལོ་ངོ་༥༠ འཁོར་བའི་དུས་སྟོན་ 
བརྩི་སྲུང་འབད་བའི་བསྒང་།
༡༨/༠༥/༢༠༡༣  ༉ ཁ་ཙ་ ཐིམ་ཕུ་ལུ་ རྒྱལ་སྤྱི་བརྒྱུད་འབྲེལ་གྱི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ འབྲུག་བརྒྱུད་འཕྲིན་ཚད་འཛིན་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི།


རྒྱལ་སྤྱི་བརྒྱུད་འབྲེལ་གྱི་ཉིནམ་ བརྩི་སྲུང་དོན་ལུ་ འབྲུག་བརྒྱུད་འཕྲིན་ཚད་དང་ བཀྲིས་བརྒྱུད་འཕྲིན་ཚད་འཛིན་གྱི་ ཁ་ཐུག་ལས་ བསྐྱར་གསོ་བའུ་ཅར་ བཙུགས་ཐེངས་རེ་ནང་ ཁེ་སང་བགོ་བཤའ་བྱིན་ནི་དེ་གིས་ འགྲུལ་འཕྲིན་འཆང་མི་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ བའུ་ཅར་བཙུགས་སར་ མཐོངམ་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་ཁ་ཐུག་ལས་ སྔོན་སྤྲོད་འཐུས་ཀྱི་ བའུ་ཅར་བཙུགས་པའི་སྐབས་ ཁེ་སང་བརྒྱ་ཆ་༢༠ བྱིན་དོ་ཡོདཔ་ད་ གློག་རིག་ཡོངས་འབྲེལ་ཐོག་ལས་ བཙུགས་པ་ཅིན་ ཁེ་སང་བརྒྱ་ཆ་༥༠ བྱིནམ་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་དེ་ སྤྱི་ལོ་༡༩༦༣ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
འབྲུག་བརྒྱུད་འཕྲིན་ ཚོང་འབྲེལ་སྡེ་ཚན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ དིའོ་ ཀུ་མར་ བིསི་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་ངོ་༥༠ འི་ནང་འཁོད་ལུ་ གྲུབ་འབྲས་དང་འབྲེལ་བའི་ དཀའ་ངལ་མང་རབས་ཅིག་ བྱུང་ཡི་ཟེར་ཨིན་པས།
ཧེ་མ་ རྒྱལ་ཁབ་ནང་ འབྲུག་བརྒྱུད་འཕྲིན་འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ ཞབས་ཏོག་ཟེར་རུང་ བརྒྱུད་འཕྲིན་དང་ རླུང་འཕྲིན་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
ཨིན་རུང་ ད་རེས་འབདཝ་ད་ བརྒྱུད་འཕྲིན་དང་ འགྲུལ་འཕྲིན་ གློག་རིག་ཡོངས་འབྲེལ་ལ་སོགས་པའི་ ཞབས་ཏོག་ལེ་ཤ་ སྤྲོད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཡོངས་ཁྱབ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
དིའུ་ཀུ་མར་གྱིས་འབད་བ་ཅིན་ མཐའ་ཟུར་གཡུས་ཚན་ཚུ་ནང་ ཞབས་ཏོག་ལེགས་ཤོམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་མི་དེ་ཡང་ གངས་དང་ རི་ཚུ་གིས་ བཅད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་སྤྱོད་མི་བསྡོམས་༥༦༠,༨༩༠ ཡོདཔ་ཨིན་པའི་གནས་ཚུལ།

                                                                                        ཡེ་ཤེས་སྒྲོལ་མ།

No comments:

Post a Comment