གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་འོག་༣ གྱི་ ཆུའི་དཀའ་ངལ་ཚུ་ འཕྲལ་མགྱོགས་ར་བསལ་ཚུགས་ནི།

༨/༥/༢༠༡༣   ༉ དགེ་ལེགས་ཕུག་རྒེད་འོག་ ལས་སྐྱིད་ཐང་དང་ འཛོམས་གླིང་ཐང་ དེ་ལས་ པདྨ་ཐང་རྒེད་འོག་༣ ནང་ འཐུང་ཆུའི་དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོད་མི་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་ནི་ཨིན་པས།
ད་རེས་ནངས་པ་ གཡུས་ཚན་༣ ནང་ བདུན་ཕྲག་རེ་ནང་ ཆུ་ཚར་༢ དེ་ཅིག་ལས་ མི་ཐོབ་དོ་ཡོདཔ་ད་ རྐ་གསརཔ་ཅིག་ལས་ འཐུང་ཆུ་བཏོན་ནིའི་ འཆར་གཞི་ཡོད་མི་དེ་གིས་ དཀའ་ངལ་དེ་ བསལ་ཚུགས་ཟེར་ དགེ་ལེགས་ཕུག་དྲུང་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

དགེ་ལེགས་ཕུག་རྒེད་འོག་གི་ སྤྱི་འོག་༣ ནང་ འཐུང་ཆུའི་དཀའ་ངལ་བྱུང་མི་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་ནི་ཨིན་མས།


དགེ་ལེགས་ཕུག་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ བརྟག་ཞིབ་ཚུ་འབད་ཚར་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༧ པའི་ནང་ ལཱ་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དྲུང་པ་གིས་འབད་བ་ཅིན་ འཐུང་ཆུ་དེ་ དགེ་ལེགས་ཕུག་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་གནས་ རའེ་བྲང་ར་ཟེར་སར་ བྱག་གི་སྦུག་ལས་ཐོན་མི་ གྲུབ་ཆུ་ཅིག་ཡོད་མི་དེ་ འཐེན་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།
འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ མ་དངུལ་ས་ཡ་༦.༢ དེ་ཅིག་ སྔོན་རྩིས་བཏོན་ཡོད་རུང་ ད་ལྟོ་ གཞུང་ལས་ མ་དངུལ་འཐོབ་ནི་ལུ་ སྒུག་བཞིན་དུ་ཡོདཔ་ད་ མ་དངུལ་དེ་ འཕྲལ་མགྱོགས་ར་ལྷོད་པ་ཅིན་ ལཱ་འབད་ཚར་ནི་ལུ་ དུས་ཡུན་མངམ་ མི་འགོར་འོང་ཟེར་ཨིན་པས།
འཛོམས་གླིང་ཐང་ལས་ ཆོས་འཛོམས་ཀྱིས་ སླབ་མིའི་ནང་ འཐུང་ཆུ་དེ་ ལྷོད་པའི་ཤུལ་ལས་ ད་ཚུན་ཡོད་མི་ མོ་རའི་ གཡུས་ཁའི་དཀའ་ངལ་སྦོམ་ཤོས་དེ་ བསལ་ནི་ཨིནམ་ལས་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ གཙོ་བོར་བཏོན་ཚུགས་ནི་མས་ཟེར་ཨིན་པས།
འཐུང་ཆུ་དེ་ ལྷོད་པའི་ཤུལ་ལུ་ གཡུས་ཚན་༣ དང་ ཉེ་འདབས་ཀྱི་ ཁྲོམ་གྱི་ས་ཁོངས་ནང་སྡོད་མི་ མི་འབོར་༡༠,༠༠༠ དང་ ༡༥,༠༠༠ དེ་ཅིག་ལུ་ བཀྲམ་སྤེལ་འབད་ཚུགས་ཟེར་ དྲུང་པ་པདྨ་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment