གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེང་ཀོག་སྨན་ཁང་གི་ ངོ་ཚབ་ཡིག་ཚང་ སྒེ་ཕྱེས་ཡོདཔ།

༡༥/༠༥/༢༠༡༣ ༉ ཁ་ཙ་ ཐིམ་ཕུ་ཨོ་ལ་ཁ་ ཤེལ་རི་ ཨིས་ཀོ་ཡར་ནང་ བེང་ཀོག་སྨན་ཁང་གི་ ངོ་ཚབ་ཡིག་ཚང་ སྒེ་ཕྱེས་ཡི།
ཐིམ་ཕུ་ཨོ་ལ་ཁ་ ཤེལ་རི་ ཨིས་ཀོ་ཡར་ནང་ བེང་ཀོག་སྨན་ཁང་གི་ ངོ་ཚབ་ཡིག་ཚང་ སྒེ་ཕྱེ་བའི་བསྒང་།

ངོ་ཚབ་ཡིག་ཚང་དེ་གིས་ བེང་ཀོག་ལུ་ སྨན་བཅོས་འབད་བར་འགྱོ་མི་ འབྲུག་པའི་ནདཔ་ཚུ་གི་དོན་ལུ་ གྲོས་སྟོན་པ་བཟུམ་ཅིག་སྦེ་ ལཱ་འབད་ནི་ཨིན་པས།
བེང་ཀོག་སྨན་ཁང་དེ་ བེང་ཀོག་ལུ་ སྒེར་གྱི་སྨན་ཁང་འགོ་དང་པ་ཨིནམ་ད་ སྨན་ཁང་འགོ་བཙུགས་ཏེ་ ལོ་༤༠ དེ་ཅིག་ ལང་ཡོདཔ་ཨིན་པས།



བེང་ཀོག་སྨན་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཤ་ཏིརི་ དྲོང་ནེད་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ བེང་ཀོག་སྨན་ཁང་གི་ ངོ་ཚབ་ཡིག་ཚང་དེ་ འབྲུག་རྒྱལ་ཁབ་ནང་ སྒོ་ཕྱེ་དགོ་མི་དེ་ཡང་ ད་ལྟོ་ཚུན་ཚོད་ཀྱི་རིང་ འབྲུག་རྒྱལ་ཁབ་ལས་ བེང་ཀོག་སྨན་ཁང་ནང་ སྨན་བཅོས་འབད་མི་ ལེ་ཤ་འོང་དོ་ཡོདཔ་ལས་ ཁོང་ལུ་ ཞབས་ཏོག་གང་དྲག་སྤྲོད་ཚུགས་ནི་དང་ སྨན་བཅོས་འབད་བར་འགྱོ་བའི་སྐབས་ སྟབས་བདེ་ཏོག་ཏོ་ འོང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འབྲུག་ལུ་ བེང་ཀོག་སྨན་ཁང་གི་ངོ་ཚབ་ དཔལ་འབྱོར་གྱིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ངོ་ཚབ་ཡིག་ཚང་ གཞི་བཙུགས་འབད་མི་དེ་གིས་ འབྲུག་མི་ སྨན་བཅོས་འབད་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་ བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འབྲུག་མི་ཚུ་ སྨན་བཅོས་འབད་བར་ མ་འགྱོ་བའི་ཧེ་མ་ལས་ ངོ་ཚབ་ཡིག་ཚང་གིས་ ཌོག་ཊར་དང་གཅིག་ཁར་ དུས་སྟབས་བཟོ་ནི་ བེང་ཀོག་ལུ་ལྷོདཔ་ད་ གནམ་གྲུ་ཐང་ལས་ ལེན་ནི་དང་ སྨན་ཁང་ནང་སྡོད་པའི་རིང་ལུ་ སྡོད་གནས་ཚུ་ག་ར་ གྲ་སྒྲིག་འབད་ནི་ཟེར་ཨིན་པས།
དཔལ་འབྱོར་གྱིས་འབད་བ་ཅིན་ ནདཔ་གིས་ ཨིང་ལིཤ་གི་ ཁ་སྐད་མ་ཤེས་ཏེ་འབད་རུང་ སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ ལམ་སྟོན་པ་ཅིག་ཡང་ བཀོག་བཞག་འབད་དེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༤ ལང་མི་ རྣམ་རྒྱལ་བུ་དར་གྱིས་ སྤྱི་ལོ་༢༠༠༨ ལས་ བེང་ཀོག་སྨན་ཁང་ནང་ སྨན་བཅོས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ མོ་གིས་ ད་ལྟོའི་བར་ན་ཡང་ སྨན་བཅོས་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
མོ་གིས་ ལོ་༡ ནང་ སྨན་བཅོས་དང་ བརྟག་དཔྱད་ཀྱི་དོན་ལུ་ ཚར་༢ འགྱོ་དོ་ཡོདཔ་ཨིན་པས།
རྣམ་རྒྱལ་བུ་དར་གྱིས་ སླབ་མིའི་ནང་ མོ་ར་ མགུ་ནད་དང་ མོ་རའི་རྨགཔ་དེ་ གུ་རམ་གྱི་ ནད་གཞི་ཡོདཔ་ལས་ བེང་ཀོག་སྨན་ཁང་ནང་ སྨན་བཅོས་འབད་དེ་ ལོ་༥ དེ་ཅིག་ ལང་ཡི་ཟེར་ཨིན་པས།
སྨན་ཁང་གི་ ཞབས་ཏོག་ཐད་ཁར་ གནམ་མེད་ས་མེད་ ལེགས་ཤོམ་འདུག་ཟེར་ཨིནམ་མ་ཚད་ གོང་ཚད་ཀྱི་ཐད་ལས་འབད་རུང་ སྨན་བཅོས་ཚར་རེ་འབདཝ་ད་ དངུལ་ཀྲམ་འབུམ་༡ དེ་ཅིག་ གནསཔ་མས་ཟེར་ཨིན་པས།
ཨིན་རུང་ སྨན་བཅོས་འབད་བའི་མཐའ་མར་ དྲག་ཐབས་ཅིག་ཡོད་པ་ཅིན་ ཏི་རུའི་ཐད་ཁར་ ཁེ་མིན་འདུག་ཟེར་ཨིན་པས།
རྣམ་རྒྱལ་བུ་དར་གྱིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྨན་ཁང་གི་ངོ་ཚབ་ དཔལ་འབྱོར་ལས་ གྲོགས་རམ་ལེན་ཏེ་ར་ འགྱོ་ནི་དེ་གིས་ སྟབས་མ་བདེཝ་ག་ཅི་ཡང་ མ་འཐོན་ཟེར་ཨིན་པས།
གནས་སྐབས་གཞུང་གི་ གསོ་བའི་ལྷན་ཁག་གི་གྲོས་སྟོན་པ་ དྲགོས་འཕྲིན་ལས་རྡོ་རྗེ་གིས་འབད་བ་ཅིན་ བེང་ཀོག་སྨན་ཁང་གི་ ངོ་ཚབ་ཡིག་ཚང་ འབྲུག་ལུ་ གཞི་བཙུགས་འབད་མི་དེ་གིས་ འབྲུག་མི་ གསོ་བའི་ཞབས་ཏོག་ལེན་མི་ཚུ་གི་དོན་ལུ་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཨིན་པས།
ཨིན་རུང་ བེང་ཀོག་སྨན་ཁང་ནང་ སྤྱི་ལོ་༢༠༡༠ ལས་༢༠༡༡ ཚུན་ འབྲུག་པའི་ནདཔ་༤༠ དེ་ཅིག་གིས་ སྨན་བཅོས་འབད་ཡོདཔ་ད་ སྤྱི་ལོ་༢༠༡༡ ལས་༢༠༡༢ ཚུན་ ནདཔ་༥༠ དང་ དུས་ཅི་ སྤྱི་ལོ་༢༠༡༣ ཟླཝ་༡ པའི་ནང་ལས་ སྨན་བཅོས་དང་ ཞབས་ཏོག་ལེན་མི་ འབྲུག་མི་༡༠༠ ལྷགཔ་ཅིག་འོང་ཡོད་པའི་སྐོར་ལས་ དཔལ་འབྱོར་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

                                      ཡེ་ཤེས་སྒྲོལ་མ།

No comments:

Post a Comment