གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་འདུའི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ལས་རིམ་འགོ་བཙུགས་ཡོདཔ།

༡༥/༠༥/༢༠༡༣  ༉ འབྲུག་མཉམ་རུབ་ཚོགས་པའི་ ངང་ལམ་འདེམས་ཁོངས་ཀྱི་ འདེམས་ངོ་ སྐྱེས་ལོ་༣༦ ལང་མི་ ཀརྨ་རྡོ་རྗེ་གིས་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ ངང་ལམ་འདེམས་ཁོངས་ཀྱི་ ས་ཐག་རིང་ཤོས་ཅིག་ཨིན་མི་ ཡང་མ་ལ་ཤིང་གཡུས་ཚན་ནང་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ ལམ་འགྱོ་བའི་ཤུལ་ལས་ སྒོ་བཤལ་གྱི་ ལྟ་སྐོར་འབད་ཡོདཔ་ཨིན་པས།


ཁོ་གིས་ གཡུས་ཚན་དེ་ནང་གི་ མི་སེར་རེ་རེ་བཞིན་དང་ ཕྱད་ནིའི་དོན་ལུ་ ཕྱི་རུ་ཁམས་ མི་སེར་ཚུ་ག་ར་ ཞིང་ལཱ་འབད་དེ་ ལོག་ཁྱིམ་ནང་ལྷོདཔ་ད་ ཕྱད་དེ་ མི་སེར་ཚུ་ལུ་ ཁོ་རའི་ཚོགས་པ་དང་ ལྟ་བ་གི་སྐོར་ལས་ གོ་བརྡ་ཚུ་ བཤད་བྱིན་ཡོདཔ་ཨིན་པས།
ཁོ་གིས་ ཁྱིམ་གུང་རེ་རེ་ནང་སོང་སྟེ་ མི་ཚུ་དང་ཕྱད་པའི་ཁར་ ཁྱིམ་ཁ་གཏོར་ཏེ་ཡོད་མི་ཚུ་གི་དོན་ལུ་ རྒེད་འོག་གི་ ཚོགས་པའི་འགོ་ཁྲིདཔ་ཚུ་ལུ་སླབ་སྟེ་ གཡུས་མི་ཚུ་ གཅིག་ཁར་འཛོམས་བཅུག་ཡོདཔ་ད་ གཡུ་རུང་འདེམས་ཁོངས་ཀྱི་འདེམས་ངོ་ ཌོག་ཊར་སེང་གེ་རྣམ་རྒྱལ་གྱིས་ཡང་ རྒེད་འོག་དང་ རྫོང་ཁག་གི་ མཉམ་འབྲེལ་པ་ཚུ་ གཏན་འཁེལ་བཟོ་སྟེ་ བསྐུལ་བསྒྲགས་འབད་བར་ ཕྱི་་ཁ་ཐུག་ལུ་ འགྱོ་ནི་འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ ན་ནོང་- ཤུ་མར་འདེམས་ཁོངས་ཀྱི་ འདེམས་ངོ་ པདྨ་དབང་ཕྱུག་གིས་ ཁོ་རའི་ཚོགས་པའི་ མཉམ་འབྲེལ་པ་ཚུ་གིས་ ག་ཅི་ར་འབད་དོ་ག་ ལྟ་ནི་གི་དོན་ལུ་ ས་ཁོངས་ནང་འོང་བའི་ཁར་ ཚོགས་པའི་འཐུས་མི་ཚུ་ ཕྱིར་བསལ་རྐྱབ་སྟེ་ ཁ་ཙ་ལས་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ན་ནོང་- ཤུ་མར་འདེམས་ཁོངས་ཀྱི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ འཇིགས་མེད་འབྲུག་པ་གིས་ འགོ་དང་པ་ར་ ཁྲོམ་ཁར་སྡོད་མི་ཚུ་དང་ ཕྱད་པའི་ཤུལ་ལུ་ གཡུས་ཁ་ལས་ཕར་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ད་ ཁོ་གིས་ པདྨ་དགའ་ཚལ་ལས་ ཐོན་འགྱོ་བའི་ལམ་ཁར་ ལམ་བདའ་ཡོད་མི་ཚུ་དང་ ཕྱད་ཡོདཔ་ཨིན་པས།
ཚོགས་པའི་འདེམས་ངོ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ ངོས་ལེན་འགོ་དཔོན་ཚུ་དང་གཅིག་ཁར་ སྒོ་བཤལ་ལྟ་སྐོར་འབད་ནིའི་ ཚེ་གྲངས་ཚུ་ གཏན་འཁེལ་བཟོ་བའི་བསྒང་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ བདེ་བ་ཐང་- སྒོམ་དར་འདེམས་ཁོངས་ཀྱི་འདེམས་ངོ་ སྐྱེས་ལོ་༢༧ ལང་མི་ ཤེས་རབ་ཆོས་སྒྲོན་གྱིས་ ད་ལྟོ་ མོ་གིས་ ག་ནི་ཡང་སླབ་ནི་མེད་ཟེར་ཨིན་རུང་ འགོ་དང་པ་ར་ ངོས་ལེན་འགོ་དཔོན་ཚུ་དང་གཅིག་ཁར་ འབད་དགོཔ་ཚུ་ མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ འདེམས་ཁོངས་ནང་ འགྱོ་ནི་ཟེར་ཨིན་པས།
འདེམས་ངོ་མང་ཤོས་ཀྱིས་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་ལུ་ལྷོད་རུང་ འདེམས་ངོ་ལ་ལུ་ཅིག་ ད་ལྟོ་ འོང་པའི་བསྒང་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ན་ནོང་- ཤུ་མར་གྱི་འདེམས་ངོ་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁ་ཙ་ ཁོ་རའི་ འདེམས་ཁོངས་ནང་ བསྐུལ་བསྒྲགས་ཀྱི་དོན་ལུ་ ལྷོད་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཀྲ་ཤིས་སྒང་རྫོང་ཁག་དེ་ རྒྱ་སྦོམ་ཡོད་ནི་དེ་གིས་ བསྐུལ་བསྒྲགས་འབད་ནི་ལུ་ དུས་ཚོད་འགོར་ནི་ཨིནམ་ལས་ ཁོང་རའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་རྫོང་ཁག་ནང་ འབྲུག་ཕུན་སུམ་ཚོགས་པ་བཟུམ་སྦེ་ བསྐུལ་བསྒྲགས་འབད་བར་ ལྷོད་མི་ཚུགསཔ་འོང་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ སྤྱིར་བཏང་གྲོས་འཛོམས་ལས་རིམ་དེ་ ཟླཝ་དེ་གི་ སྤྱི་ཚེས་༡༧ ལུ་ ཨོ་རོང་དང་ ལའུ་རི་རྒེད་འོག་ནང་ལས་ འགོ་བཙུགས་ནི་དང་ དེ་བཟུམ་སྦེ་ སྤྱི་ཚེས་༡༨ ལུ་ པདྨ་དགའ་ཚལ་རྫོང་ཁག་གི་དོན་ལུ་ ཆོས་འཁོར་གླིང་ རྒེད་འོག་ནང་ལས་སྦེ་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment