གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྫོང་ཁག་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༩,༩༡༩ ཐོབ་ཡོདཔ།


དེ་འབདཝ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁྲིམས་ཤིང་འདེམས་ཁོངས་ལས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ར་ལས་ རྒྱན་གྲངས་མངམ་ཐོབ་སྟེ་ ཨང་གཉིས་པ་ཐོན་ཡི།

འགོ་ཐོག་བཙག་འཐུའི་ནང་ མཐར་འཁྱོལ་མ་བྱུང་རུང་ 
བཀྲིས་སྒང་རྫོང་ཁག་ནང་ ཨང་གཉིས་པ་ཐོན་མི་ 
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་
སྒྲོན་གྱིས་ རྐང་པ་ར་རྒེད་འོག་ མེར་མདའ་ལུ་ 
ཚོགས་རྒྱན་བཙུགས་པར་ འགྱོ་བའི་བསྒང་།
༉ འབྲུག་ཕུན་སུམ་ཚོགས་པ་ལུ་ འདེམས་ངོ་གསརཔ་༢ ཡོད་རུང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ འདེམས་ཁོངས་༥ ལས་ འཕྲུལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༩,༩༡༩ ཐོབ་མི་དེ་ མཐོ་ཤོས་ཨིན་པས།
དེ་ཡང་ ཚོགས་པ་དེ་གིས་ ཁྲིམས་ཤིང་འདེམས་ཁོངས་ནང་མ་གཏོགས་ འདེམས་ཁོངས་གཞན་༤ ཆ་རའི་ནང་ལས་ འཕྲུལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ར་ལས་ རྒྱལ་ཁ་ཐོབ་ཅི།


འབྲུག་ཕུན་སུམ་ཚོགས་པ་གིས་ ཁྲིམས་ཤིང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༥༤༧ དང་ འགྲེམ་ཐོག་ཚོགས་རྒྱན་༢༦༢  མ་གཏོགས་ཐོབ་མ་ཚུགས་པས།
དེ་འབདཝ་ད་ འདེམས་ཁོངས་༤ ལས་ ཚོགས་རྒྱན་མཐོ་ཤོས་ར་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ནང་ལས་ འཕྲུལ་ཆས་ཚོགས་རྒྱན་༢,༠༤༠ དང་ འགྲེམ་ཐོག་ཚོགས་རྒྱན་༦༧༧ འབདཝ་ད་ ཚོགས་རྒྱན་བསྡོམས་༢,༧༡༧ ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ར་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་༥༡༠ རྩིས་ཏེ་ ཚོགས་རྒྱན་བསྡོམས་༢,༤༤༡ དང་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༡,༨༣༣ དང་ འགྲེམ་ཐོག་ཚོགས་རྒྱན་༤༢༡ དེ་ལས་ ཝམ་རོང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༡,༢༤༠ དང་ འགྲེམ་ཐོག་ཚོགས་རྒྱན་༤༥༨ ཐོབ་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་བྱུང་མ་ཚུགས་རུང་ བཀྲིས་སྒང་རྫོང་ཁག་ནང་ལས་ ཚོགས་རྒྱན་བསྡོམས་༥,༡༣༢ ཐོབ་སྟེ་ ཨང་གཉིས་པ་ཐོན་ཡོད་མི་དེ་ཡང་ ཚོགས་པ་དེ་གིས་ ཁྲིམས་ཤིང་འདེམས་ཁོངས་ནང་ལས་ འཕྲུལ་ཆས་ཚོགས་རྒྱན་༡,༣༡༦ དང་ འགྲེམ་ཐོག་ཚོགས་རྒྱན་༧༢༠ འབདཝ་ད་ ཚོགས་རྒྱན་༢,༠༣༦ ཐོབ་མི་དེ་ སྲིད་ཚོགས་གཞན་༣ དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།
ཚོགས་པ་དེ་གིས་ ཚོགས་རྒྱན་མངམ་ཐོབ་མི་དེ་ཡང་ ཚོགས་པ་དེ་གི་གཙོ་འཛིན་ སྐྱེས་ལོ་༥༢ ལང་མི་ རྡོ་རྗེ་ཆོས་སྒྲོན་དེ་ ཁྲིམས་ཤིང་འདེམས་ཁོངས་ལས་ འབད་ནི་དེ་གིས་ཨིན་པས།
དེ་མ་ཚད་ འདེམས་ཁོངས་གཞན་༢ ནང་ འབྲུག་ཕུན་སུམ་ཚོགས་པའི་ཤུལ་ལས་ ཨང་གཉིས་པ་ཐོན་ཡོད་མི་དེ་ཡང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༦༧༦ དང་ འགྲེམ་ཐོག་ཚོགས་རྒྱན་༣༣༤ ཐོབ་ཡོདཔ་མ་ཚད་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༦༥༡ དང་ འགྲེམ་ཐོག་ཚོགས་རྒྱན་༢༦༨ ཐོབ་ནུག།
ཨིན་རུང་ ར་ལྡི་-སང་སྟེང་འདེམས་ཁོངས་ལས་ འཕྲུལ་ཆས་དང་ འགྲེམ་ཐོག་གཉིས་བསྡོམས་ཏེ་ ཚོགས་རྒྱན་༦༣༤ དང་ ཝམ་རོང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༣༡༦ དང་ འགྲེམ་ཐོག་ཚོགས་རྒྱན་༢༡༧ འབདཝ་ད་ ཚོགས་རྒྱན་༥༣༣ ཐོབ་ཅི།
དེ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༤,༢༣༧ ཐོབ་ཡོད་མི་དེ་ཡང་ མཐོ་ཤོས་ར་ ཝམ་རོང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༦༩༥ རྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༡༠༢ དང་ དེ་གི་ཤུལ་ལས་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༧༡༩ དང་ འགྲེམ་ཐོག་ཚོགས་རྒྱན་༢༨༣ འབདཝ་ད་ ཚོགས་རྒྱན་བསྡོམས་༡,༠༠༢ ཐོབ་ཅི།
དེ་ལས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་ལས་ ཚོགས་རྒྱན་༩༩༩ དང་ བར་མཚམས་-གཤོང་ཕུག་ལས་༧༧༢ དེ་ལས་  ཁྲིམས་ཤིང་ལས་ ཚོགས་རྒྱན་༣༦༢ ཐོབ་མི་དེ་ དམའ་ཤོས་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ཁོངས་༥ བསྡོམས་ཏེ་ ཚོགས་རྒྱན་བསྡོམས་༨༢༥ ལས་བརྒལ་ཐོབ་མ་ཚུགས་མི་དེ་ཡང་ འཕྲུལ་ཆས་ཚོགས་རྒྱན་༧༢༣ དང་ འགྲེམ་ཐོག་ཚོགས་རྒྱན་༡༠༢ ལས་མེདཔ་ཨིན་པས།
སྤྱིར་དབང་ཚོགས་པ་གིས་ ཁྲིམས་ཤིང་འདེམས་ཁོངས་ལས་ འགྲེམ་ཐོག་ཚོགས་རྒྱན་༨ རྩིས་ཏེ་ ཚོགས་རྒྱན་༩༢ མ་གཏོགས་ཐོབ་མ་ཚུགསཔ་ད་ ཚོགས་རྒྱན་མཐོ་ཤོས་ར་ ར་ལྡི་-སག་སྟེང་འདེམས་ཁོངས་ནང་ལས་༢༠༦ ཐོབ་མི་དེ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཚོགས་པ་དེ་ ཕམ་སོ་རུང་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ནིའི་ལྷན་ཐབས་ལུ་ སྔར་ག་ཨིནམ་སྦེ་ར་ གནས་འོང་ཟེར་ཨིནམ་ད་ མི་སེར་གྱིས་ གདམ་ཁ་རྐྱབ་མི་ལུ་ གུས་ཞབས་དང་ བརྩི་མཐོང་ཡོདཔ་ལས་ སེམས་ཕམ་བྱུང་དགོཔ་མེད་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ རྣམ་རྟོག་ལང་ཡོད་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་ལུ་ འདེམས་ངོ་ཚུ་ སྒྲིང་སྒྲིང་ཡོདཔ་ལས་ འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་འབྱུང་ནི་གི་ རེ་བ་བསྐྱེད་ཡོད་རུང་ གྲུབ་འབྲས་སོ་སོར་ ཐོན་སོཔ་ལས་ བློ་ཕམ་བྱུང་ཡི་ཟེར་ བཀྲིས་སྒང་རོང་ཐུང་ལས་ ཚོགས་རྒྱན་བཙུགས་པར་ བཀྲིས་གཡང་རྩེ་ཁམས་དྭངས་ལུ་སོང་མི་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ སྐྱེས་ལོ་༢༦ ལང་མི་ ངག་དབང་ཡོན་ཏན་གྱིས་ སླབ་ཨིན་པས།
བཀྲིས་སྒང་ལུ་ འདེམས་ཁོངས་༥ ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༧༩ ཡོད་མི་ལུ་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་བསྡོམས་༤༡,༥༡༠ ཡོད་མི་ལས་༢༠,༡༡༣ འབདཝ་ད་ བརྒྱ་ཆ་༤༨.༤༥ གིས་ ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།
                      བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment