གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཁྲོམ་སྡེ་གིས་ ཨང་༢ པ་ཐོན་ཡོདཔ།

༡༤/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ཁྲོམ་སྡེ་གིས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཐིམ་ཕུ་ ཕུཊ་བཱོལ་སྡེ་ཚན་ཁ་པའི་གྲས་ལས་ ཨང་༢ པ་ཐོན་ཡོདཔ་ལས་ རྩེད་འགྲན་པ་དང་ འཛིན་སྐྱོང་འགོ་ཁྲིདཔ་ཚུ་ སེམས་དགའ་ཡོདཔ་ཨིན་པས།
རྩེད་འགྲན་པ་༢ ཀྱིས་གཱོལ་འཕྱོག་ནིའི་དོན་ལུ་ དོ་འགྲན་འབད་བའི་བསྒང་།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༠ འི་ནང་ ཐིམ་ཕུ་ཁྲོམ་སྡེ་ལས་ ཀརྨ་བསམ་གྲུབ་ཀྱིས་ གཱོལ་བཙུགས་ཏེ་ དུས་ཡུན་སྐར་མ་༡ གི་ནང་འཁོད་ལུ་ བྱང་ཕྱད་སྡེ་ཚན་ལས་ ཚེ་རིང་རྡོ་རྗེ་གིས་ གཱོལ་འདྲན་འདྲ་བཙུགས་པའི་ཤུལ་ལུ་ འབྲུག་ཡུ་ནའི་ཊེཌ་གིས་ ད་རུང་ གཱོལ་བཙུགས་ནིའི་དོན་ལུ་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་ མགུ་འཐོམ་སི་སི་བཟོ་ཡི།
སྡེ་ཚན་༢ ཆ་ར་ལུ་ རྒྱབ་སྐྱོར་འབད་མི་དང་ ལྟདམོ་ལྟ་མི་ཚུ་གིས་ རྩེད་འགྲན་འབད་མིའི་ མིང་བཏོན་ཏེ་ སྐྱོན་བརྗོད་འབད་རུང་ རྩེད་འགྲན་པ་ཚུ་གིས་ སྣང་དག་ར་མ་བསྐྱེད་པར་ ཕུཊ་བཱོལ་ལུ་ སྤྲོ་བ་བསྐྱེད་དེ་ རྩེད་འགྲན་འབད་ཡི།
བར་མཚམས་ངལ་གསོ་ལས་ ཐིམ་ཕུ་ཁྲོམ་སྡེའི་ ཨེསི་ཊེ་ཀར་ བསོད་ནམས་ཀྱིས་ སྐར་མ་༦༡ དང་༨༦ ནང་ གཱོལ་རེ་རེ་ བཙུགས་པའི་ཤུལ་ལས་ སྡེ་ཚན་ག་གི་ཧོངས་ལས་ཡང་ གཱོལ་བཙུགས་མ་ཚུགསཔ་ལས་ སྤྱི་ལོ་༢༠༡༣ གྱི་ ཕུཊ་བཱོལ་རྩེད་འགྲན་ དྲགོས་ཨང་༢ པ་ཐོན་ཡོདཔ་ལས་ སྤྱི་ཟླ་༦ པའི་ཚེས་༡༥ རེས་གཟའ་ཉི་མ་ལུ་ མཐའ་བཅད་རྩེད་འགྲན་འབད་ནི་དང་འབྲེལ་ གསོལ་རས་ཚུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ བགོ་བཀྲམ་འབད་ནི་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ རྩེད་འགྲན་འབད་མི་ ཀུན་ལེགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ལོ་ནང་ ཨང་༢ པ་ཐོན་ཚུགས་ནི་དེ་གིས་ རྩེད་འགྲན་པ་ཚུ་ ཧེང་སྐལ་ར་ སེམས་དགའ་སྟེ་ཡོདཔ་ལས་ སང་ཕོད་ཀྱི་ལོ་ནང་འབད་བ་ཅིན་ ཨང་༡ པ་འཐོན་ཚུགསཔ་འབད་ནིའི་དོན་ལུ་ ད་ལས་ཕར་ སྦྱོར་བརྡར་དང་ སློབ་སྟོན་ རིག་རྩལ་ དེ་ལས་ ཐབས་ཤེས་གནས་སྐབས་ཚུ་གི་སྐོར་ལས་ སློབ་སྦྱོང་འབད་ནི་ལུ་ གཙོ་བོར་ གཏོན་འོང་ཟེར་ཨིན་པས།
འབྲུག་ཡུ་ནའི་ཊེཌ་གི་ འཛིན་སྐྱོང་པ་ རཱ་ཇིསི་རའི་གིས་ འབད་བ་ཅིན་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ བཙུགས་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་མ་ཚད་ རྩེད་འགྲན་པ་ཚུ་གིས་ བྱང་ཕྱད་ལུ་ གཱོལ་ཐེབས་བཙུགས་མ་ཚུགས་རུང་ དོ་འགྲན་ལེགས་ཤོམ་འབད་ཡོད་ནི་དེ་གིས་ རྩེད་འགྲན་ཚུ་ལུ་ཡོན་ཏན་དང་ རིག་རྩལ་ དེ་ལས་ ཐབས་ཤེས་རྣམ་པ་སྣ་ཚོགས་ཐོབ་ཡོདཔ་ལས་ མ༌འོངས༌པའི༌ནང༌ ལེགས་ཤོམ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༥ རེས་གཟའ་ཉི་མ་ལུ་ ཡིད་འཛིན་དང་ རྫོང་རིག་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་རྩེ༌ནི་ཨིནམ་ད་ གལ་སྲིད་ རྫོང་རིག་སྡེ་ཚན་གྱིས་ རྒྱལ་ཁ་འཐོབ་སྟེ་འབད་རུང་ ཨང་༣ པ་ལས་བརྒལ་འཐོན་མ་ཚུགས་ནི༌ཨིན༌མི་དེ་ཡང་ སྐུགས་ཚད༌ཀྱིས༌བདའ་མ་ཟུན་ནི་དེ་གིས་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment