གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཉེན་གྱི་རྟེན་འབྲེལ་བརྩི་བའི་ཤུལ་ལུ་ དོ་དམ་འོག་ལུ་ བཙུགས་ཡོདཔ།

༦/༦/༢༠༡༣   ༉ རྡོ་རོ་ཁ་ལུ་ ད་ལཱལ་གྱི་ བུཚ་དེ་གིས་ ཁྱིམ་ནང་ མནའམ་ཁྱིད་འོང་དོ་ཟེར་ སླབ་པའི་སྐབས་ སེམས་དགའ་ཡོདཔ་མ་ཚད་ གཉེན་གྱི་རྟེན་འབྲེལ་དེ་ཡང་ ལྷ་ཁང་ནང་ཁྱིད་དེ་ བརྩི་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁོང་གི་དགའ་སྤྲོ་དེ་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་རྐྱངམ་གཅིག་ཨིན་པས། 



བུ་དང་མནའམ་དེ་ ཁྱིམ་ནང་ལྷོད་དེ་ ཉིནམ་༥ གི་རྒྱབ་ལས་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་དགོཔ་སྦེ་ སླབ་ཡོདཔ་ད་ དེ་ཡང་ བུམོ་གི་ བཟའ་ཚང་གིས་ མོ་བྱང་སྟོར་ཤོར་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་ལུ་བརྟེན་ཏེ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་དེ་ སྤྱི་ཟླ་༥ པའི་ཚེས་༡༩ ལས་ དབང་བཙོང་ལུས་འབྲེལ་འབད་བའི་ ཉེས་འཛུགས་ཐོག་ དགེ་ལེགས་ཕུག་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཡོདཔ་ད་ དེ་ཡང་གཙོ་བོ་ར་ བུམོ་དེ་ སྐྱེས་ལོ་༡༧ ལས་བརྒལ་ མ་ལང་ནི་དེ་གིས་ཨིན་པས།
ཕོ་སྐྱེས་དེ་དང་ གནས་ཚང་གཉིསཔོ་དེ་ ཁོང་ར་ གཅིག་གིས་གཅིག་ལུ་དགའ་སྟེ་ ཕྱད་ཡོདཔ་མ་ཚད་ མོས་མཐུན་ཐོག་ལས་ གཉེན་རྐྱབ་ནུག་ཟེར་སླབ་སྟེ་ ཕོ་སྐྱེས་དེ་གི་ ཨ་པ་དང་ ཀྲོང་གསར་ལུ་ ཚོང་རྐྱབ་སྡོད་མི་ ཁོ་གི་ནུ་གཅུང་༢ ཡང་ དགེ་ལེགས་ཕུག་ལུ་ གནད་དོན་དེ་ ཕྱིར་བཏོན་འབད་གནང་དགོཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ གསལ་ཞུ་འབད་བར་ འོང་ཡོདཔ་ཨིན་པས།
ད་ལཱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་བུ་གིས་ གཉེན་འབྲེལ་ལུ་བརྟེན་ཏེ་ སྟབས་མ་བདེཝ་དེམ་ཅིག་ འཐོན་འོང་ཟེར་ མནོ་ར་མ་མནོ་ཟེར་ཨིན་པས།
དེ་མ་ཚད་ ཁོང་གི་ གཡུས་ཁ་ལུ་ བུམོ་སྐྱེས་ལོ་༡༨ མ་ལངམ་ལས་ གཉེན་རྐྱབ་མི་ ལེ་ཤ་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་གཏང་ནི་མ་གཏོགས་ གདམ་ཁ་གཞན་ ག་ནི་ཡང་ མེད་ཟེར་ཨིན་པས།
དེ་ཡང་ ཕོ་སྐྱེས་ཅིག་གིས་ བུམོ་སྐྱེས་ལོ་༡༨ མ་ལང་མི་དང་གཅིག་ཁར་ ལུས་འབྲེལ་འབད་བ་ཅིན་ གནད་དོན་དེ་ དབང་བཙོང་ལུས་འབྲེལ་གྱི་ གྲངས་སུ་ཚུདཔ་ཨིན་ཟེར་ཨིན་པས།
ད་ལཱལ་གྱི་ བུ་དང་ གནས་ཚང་གཉིསཔོ་དེ་ དགེ་ལེགས་ཕུག་ འབྲུག་སོན་ལས་སྡེ་ནང་ ལཱ་འབད་དོ་ཡོདཔ་ད་ ཁོང་ར་༢ གཅིག་གིས་གཅིག་ལུ་ དགའ་ནི་དེ་གིས་ གཉེན་རྐྱབ་ནིའི་དོན་ལུ་ བྱོག་སོང་ཡོདཔ་ཨིན་པས།
འབྲུག་གི་ ཉེས་འགལ་ཁྲིམས་དེབ་དང་འཁྲིལཝ་ད་ སྐྱེས་ལོ་༡༢ ལས་༡༨ ཀྱི་བར་ན་འབད་མི་དང་གཅིག་ཁར་ དབང་བཙོང་ལུས་འབྲེལ་འབད་བ་ཅིན་ དབྱེ་རིམ་༣ པའི་ཉེས་ཆེན་ནང་ཚུདཔ་ལས་ དོགས་ཅན་ཕོ་སྐྱེས་དེ་ བཙོན་ཁྲིམས་ལོ་༥ ལས་༩ གི་བར་ན་ ཕོག་ནི་ཨིན་མས་ཟེར་བའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment